འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྐབས་གསར་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་04ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྐབས་གསར་པ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་2ཉིན། ལོ་ངོ་50ལྷག་གི་ལོ་རྒྱུས་ལྡན་པའི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཞག་སྡོད་ལུགས་ཀྱི་ཡན་ལག་སློབ་གྲྭའི་སློབ་སྐབས་གསར་པ་འགོ་ཚུགས་པ་རེད། ཡན་ལག་སློབ་གྲྭ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གྲོང་དུ་བཙུགས་ཡོད་ཅིང་། ཞག་སྡོད་དོ་དམ་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། མཚམས་སྦྱོར་བྱས་པ་ལྟར་ན། ཡན་ལག་སློབ་གྲྭ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་ཐོན་ཁུངས་དོ་སྙོམས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ལྷ་སའི་གྲོང་ཁུལ་གཙོ་བོའི་སློབ་གསོ་གནོན་ཤུགས་ཞི་ལྷོད་གཏོང་བ། སློབ་གྲྭ་གྲགས་ཅན་གྱི་དགེ་རྒན་ཐོན་ཁུངས་མཉམ་སྤྱོད་བཅས་ལ་གཞིགས་ཏེ་བཙུགས་པ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནས་སློབ་རིམ་དང་པོའི་འཛིན་གྲྭ་གཉིས་དང་། ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་ཁྱོན་བསྡོམས་870འཐེན་གཏོང་བྱས་ནས་ཡན་ལག་སློབ་ཁུལ་དེ་རུ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་770ལ་ཞག་སྡོད་དོ་དམ་ལམ་ལུགས་ལག་བསྟར་བྱེད་བཞིན་འདུག སློབ་གྲྭའི་ཉལ་ཁང་ཐོག་ཁང་དུ་ཁྱོན་བསྡོམས་ཉལ་ཁང་120ཡོད་པ་དང་ཉལ་ཁང་རེ་ལ་མལ་ཁྲི་8རེ་ཡོད་པ་མ་ཟད། ཆུ་དང་གློག དྲོད་རླངས་གསུམ་འཛོམས་པ་རེད།
    【1】  【2】  【3】  【4】
    ༄༅།།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྐབས་གསར་པ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།