འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་《མི་རིགས་རྩོམ་རིག་》གི་ལོ་འཁོར་བྱ་དགའ་སྤྲོད་པའི་ཚོགས་འདུ་
    པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།2015ལོའི་《མི་རིགས་རྩོམ་རིག་》གི་ལོ་འཁོར་བྱ་དགའ་སྤྲོད་པའི་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། “2015ལོའི་《མི་རིགས་རྩོམ་རིག་》གི་ལོ་འཁོར་བྱ་དགའ་སྤྲོད་པའི་ཚོགས་འདུ”དེ་པེ་ཅིང་ནས་སྤེལ་བ་རེད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པའམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏི་མ་ཅ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི་གཞོན་པ་མ་ལ་ཆིན་ཧྥུའུ།  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཡེ་མེ། 《མི་རིགས་རྩོམ་རིག་》གི་གཙོ་སྒྲིག་པ་ཧྲི་དབྱི་ཉིང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཞའོ་མིང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པའོ་མིང་ཏེ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཉམ་གཏོད་པུའུ་ཡི་ཕེང་ཞུའེ་མིང་། ཀྲུང་གོའི་རྩོམ་པ་པོའི་དཔེ་སྐྲུན་ཚོགས་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཀྲུང་ཀྲི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། བྱ་དགའ་སྤྲོད་པའི་མཛད་སྒོ་ནི་《མི་རིགས་རྩོམ་རིག་》གི་གཙོ་སྒྲིག་པ་གཞོན་པ་ཀྲའོ་ཡན་པིའོ་ཡིས་གཙོ་སྐྱོང་གནང་བ་རེད། 
         2015ལོའི་《མི་རིགས་རྩོམ་རིག་》གི་ལོ་འཁོར་བྱ་དགའ་ནི་ད་ལོའི་རྒྱ་དང་སོག་པོ། བོད། ཡུ་གུར། ཧ་སག ཁྲའོ་ཞན་བཅས་ཀྱི་ཡིག་རིགས་པར་གཞི་དྲུག་གི་ཁྲོད་ནས་བརྩམས་ཆོས་32དཔྱད་འདེམས་བྱུང་བ་ཡིན་པ་རེད། དེ་ཚོའི་ཁྲོད་དུ་རྒྱ་ཡིག་གི་ཐོག་མའི་གསར་གཏོད་བརྩམས་ཆོས་9དང་། སོག་པོ། བོད། ཡུ་གུར། ཧ་སག ཁྲའོ་ཞན་གྱི་ཡི་རིགས་ཀྱི་ཐོག་མའི་གསར་གཏོད་བརྩམས་ཆོས་10དང་ལོ་ཙཱའི་བརྩམས་ཆོས་12བཅས་ཚུད་ཡོད། གྲངས་ཉུང་མི་རིགས་རྩོམ་རིགས་ཀྱི་སྐད་རིགས་མང་བ་དང་ཁྱད་མཚར་ལྡན་པ། བསྟུད་མར་འཕེལ་རྒྱས་སུ་ཕྱིན་པའི་རྟགས་མཚན་ཞིག་ཡིན་པ་རེད། 
    【1】  【2】  【3】  【4】  【5】
    ༄༅།།2015ལོའི་《མི་རིགས་རྩོམ་རིག་》གི་ལོ་འཁོར་བྱ་དགའ་སྤྲོད་པའི་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།