འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་མོ་C919ཡི་ཞིབ་འཇུག་རྟེན་གཞི།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་02ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་མོ་C919ཡི་ཞིབ་འཇུག་རྟེན་གཞི།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་29ཉིན་གསར་འགོད་པས་རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་མོ་C919ཡི་ཞིབ་འཇུག་རྟེན་གཞི་སྟེ། ཀྲུང་གོ་ཚོང་ལས་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཧྲང་ཧའེ་གནམ་གྲུ་ཇུས་འགོད་ཞིབ་འཇུག་ཁང་དུ་སྐྱོད་སྐབས་ཞིབ་འཇུག་ཁང་དེས་C919ཕྱོགས་བསྡུས་མཁའ་འགྲུལ་གློག་རྡུལ་མ་ལག་སོགས་མ་ལག་སྣ་ཚོགས་ཀྱི་ཚོད་ལ་བྱེད་པ་མཐོང་བྱུང་། C919འགྲུལ་སྐྱེལ་གནམ་གྲུ་ཆེ་མོ་ནི་རང་རྒྱལ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཚད་གཞིར་གཞིགས་ནས་ཞིབ་འཇུག་བཟོ་སྐྲུན་བྱས་པའི་དམངས་སྤྱོད་གནམ་གྲུ་དང་པོ་དེ་ཡིན་པ་དང་། དེའི་ཚད་ལྡན་མཁའ་འགྲུལ་ལམ་ཐག་ནི་སྤྱི་ལེ་4075ཡིན་པས་རང་བདག་གི་ཤེས་བྱའི་ཐོན་དབང་རྦད་དེ་ལྡན་ཡོད། འགྲུལ་སྐྱེལ་གནམ་གྲུ་འདི་ནི་2008ལོ་ནས་བཟུང་ཞིབ་འཇུག་བཟོ་སྐྲུན་བྱེད་འགོ་ཚུགས་པ་དང་2016ལོར་འཕུར་སྐྱོད་ཐོག་མ་བྱ་བརྩིས་ཡོད།
    【1】  【2】  【3】  【4】  【5】
    ༄༅།།རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་མོ་C919ཡི་ཞིབ་འཇུག་རྟེན་གཞི།
      

    ཕྱོགས་བསྡུས་གསར་འགྱུར།