འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བོད་ཡིག་གི་འཚོལ་བཤེར་ནུས་པ་ལྡན་པའི་དམངས་འཚོའི་ཆ་འཕྲིན་འཚོལ་
    བཤེར་མ་ལག་ཁྱབ་གདལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་10ཉིན། 08:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བ་གསུམ་ལྷག་ཙམ་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་གྱིས་གཞི་རིམ་གྱི་རྨང་གཞིའི་ཆ་འཕྲིན་གྱི་མཉེན་ཆས་བེད་སྤྱོད་ཐུབ་པའི་མཛད་སྒོ་འཚོགས་པ་དེས། མགོ་མང་གཞོངས་གྲོང་རྡལ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་དང་། ཉི་འོད་སྲིད་གཞུང་སྐྲུན་པ། གནད་སྨིན་དབུལ་སྐྱོར་བྱེད་པ། དམངས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
         མགོ་མང་གཞོངས་གྲོང་རྡལ་གྱི་རྨང་གཞིའི་ཆ་འཕྲིན་གྱི་མཉེན་ཆས་ནང་དམངས་འཚོའི་ཆ་འཕྲིན་འཚོལ་བཤེར་མ་ལག་དང་མགོ་མང་གཞོངས་གྲོང་རྡལ་གྱི་སྲིད་དོན་དྲ་བ་ཚུད་ཡོད། མགོ་མང་གཞོངས་གྲོང་རྡལ་གྱི་ཆ་འཕྲིན་འཚོལ་བཤེར་མ་ལག་ནི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་བོད་ཡིག་གི་འཚོལ་བཤེར་ནུས་པ་ལྡན་པའི་དམངས་འཚོའི་ཆ་འཕྲིན་འཚོལ་བཤེར་མ་ལག་ཐོག་མ་དེ་ཡིན་པ་དང་། བོད་རྒྱ་ཡིག་རིགས་གཉིས་ལ་རྒྱབ་སྐྱོར་བྱས་ཏེ་དམངས་འཚོའི་ཆ་འཕྲིན་གློག་རྡུལ་ཅན་དང་། སྲིད་དོན་ཆ་འཕྲིན་ཡོངས་བསྒྲགས་ཅན། གཞི་རིམ་གྱི་ཆ་འཕྲིན་ཡོངས་ཁྱབ་ལག་རྩལ་བཅས་དམིགས་ཡུལ་གཙོ་བོར་བཟུང་སྟེ་ཆ་འཕྲིན་འཚོལ་བཤེར་ཡང་དུད་ཚང་ནས་མི་ཚང་མའི་བར་ཚད་བརྒལ་ཡོང་བ་བྱས་ཡོད། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་སྲིད་དོན་དྲ་བས་ཀྱང་བོད་རྒྱ་ཡིག་རིགས་གཉིས་ལ་རྒྱབ་སྐྱོར་བྱས་ཏེ་སྲིད་དོན་ཡོངས་བསྒྲགས་བྱ་རྒྱུ་གོ་སྐབས་སུ་བྱེད་པ་དང་ཆ་འཕྲིན་གློག་རྡུལ་ཅན་འཛུགས་རྒྱུ་ནས་འགོ་བཙུགས་ཏེ་ཆ་འཕྲིན་ཡོངས་བསྒྲགས་དང་། ཁ་གསལ། ནུས་ཆེ་བཅས་ཀྱི་སྲིད་འཛིན་ཞབས་ཞུའི་ལམ་བུར་བསྐྱོད་པ་དེས་ཀྱང་། སྲིད་དོན་གྱི་ཁྱད་ཆོས་མངོན་ནས་བོད་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་ལ་སྐུལ་མ་གཏོང་བའི་ལམ་བུར་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།