འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏས་ཀྲུང་གོར་ཆུ་ཐོག་གནམ་གྲུ་400ཕྱིར་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།  ཚེས་12ཉིན་ཁ་ན་ཏའི་ཝུའེ་ཅིང་གནམ་གྲུ་བཟོ་སྐྲུན་ཀུང་སིས་སླད་ཕྱིན་གྱི་ལོ་བཅུ་ནས་ལོ་བཅོ་ལྔའི་བར་ཀྲུང་གོར་ཆུ་ཐོག་གནམ་གྲུ་400ཕྱིར་གཏོང་བྱ་ཡིན་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། གནམ་གྲུ་དེ་དག་ཆུ་བོ་དང་། མཚེའུ། མཚོ་བཅས་སུ་འཕུར་འབབ་ཐུབ་ཀྱི་ཡོད་པ་རེད།
         ཚེས་12ཉིན་ཨོ་ཐེ་ཝ་རུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཝུའེ་ཅིང་ཀུང་སིའི་སྤྱི་འདོམས་པ་ཁེ་ཏི་སི་ཡིས་ད་ལོའི་ཟླ་གཉིས་པར་ཁ་ན་ཏ་དང་ཀྲུང་གོའི་དབར་བཞག་པའི་མཁའ་འགྲུལ་གྲོས་ཡིག་གཞིར་བཟུར་པུ་ལེ་ཏེན་ཁོ་ལོམ་པི་ཡ་ཞིང་ཆེན་གྱི་ཝུའེ་ཏུའོ་ལི་ཡ་གྲོང་ཁྱེར་དུ་ཡོད་པའི་ཝུའེ་ཅིང་ཀུང་སིས་ཀྲུང་གོར་ཀུང་སི་དེས་བཟོས་པའི་ཆུ་ཐོག་གནམ་གྲུ་ཐད་ཀར་ཕྱིར་གཏོང་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         རྐུབ་སྟེགས་19ཡོད་པའི་གནམ་གྲུ་དེའི་ཕྱིར་ཚོང་རིན་གོང་ཁ་ན་ཏའི་སྒོར་མོ་ཁྲི་650(ཨ་སྒོར་ཁྲི་528ཙམ)ཟིན་གྱི་ཡོད་པ་དང་ཝུའེ་ཅིང་ཀུང་སིས་ཚོད་དཔག་བྱས་ན་ཀྲུང་ཁའི་དབར་གྱི་མཉམ་ལས་གྲོས་ཡིག་དེ་ལས་སླད་ཕྱིན་ལོ་20ཡི་ནང་ཁ་ན་ཏས་གནམ་གྲུ་ཕྱིར་གཏོང་བྱས་པ་བརྒྱུད་ཡོང་འབབ་ཁ་ན་ཏའི་སྒོར་མོ་དུང་ཕྱུར་35(ཨ་སྒོར་དུང་ཕྱུར་28ཙམ)རག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།