འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲིག་འགྲན་བསྡུར་ཁྲོད་ཀྲུང་གོའི་རྐང་རྩེད་སྤོ་ལོའི་
    རུ་ཁག་གིས་སྐར་གྲངས་6-0གྱིས་འབྲུག་ཡུལ་རྐང་རྩེད་
    སྤོ་ལོའི་རུ་ཁག་ཕམ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲིག་འགྲན་བསྡུར་ཁྲོད་ཀྲུང་གོའི་རྐང་རྩེད་སྤོ་ལོའི་
རུ་ཁག་གིས་སྐར་གྲངས་6-0གྱིས་འབྲུག་ཡུལ་རྐང་རྩེད་
སྤོ་ལོའི་རུ་ཁག་ཕམ་པར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་གྱི་དགོང་དྲོར་ཨུ་རུ་སུ་འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲིག་འགྲན་བསྡུར་ཨེ་ཤེ་ཡ་གླིང་ཁུལ་གྱི་རུ་ཁག་ལེགས་ཤོས་40ཡི་ཚོགས་ཆུང་Cཡི་འགྲན་བསྡུར་ཞིག་གི་ཁྲོད།  ཀྲུང་གོའི་རུ་ཁག་གིས་མགྲོན་པོའི་སྤོ་ལོ་ཐང་དུ་སྐར་གྲངས་6-0གྱིས་འབྲུག་ཡུལ་རུ་ཁག་ཕམ་པར་བྱས་ནས་འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཁྲོད་ཐོག་མའི་རྒྱལ་ཁ་བླངས་པ་རེད།  འབྲུག་ཡུལ་རུ་ཁག་དང་བྱས་པའི་འགྲན་བསྡུར་འདི་ནི་རང་རྒྱལ་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཁྲོད་ཀྱི་འགྲན་བསྡུར་ཐོག་མ་ཡིན་ལ།  ཚོགས་་ཆུང་C ནང་གི་ས་བོན་རུ་ཁག་ཡིན་པ་དང་འཛམ་གླིང་གི་ཨང་རིམ་79རུ་གནས་པའི་ཀྲུང་གོའི་རུ་ཁག་ནི་ཚོགས་་ཆུང་གི་རེས་འཁོར་དང་པོའི་འགྲན་་བསྡུར་ནང་སྟོང་རེས་ཁེལ་བ་དང་། འཛམ་གླིང་གི་ཨང་རིམ་159རུ་གནས་པའི་འབྲུག་ཡུལ་རུ་ཁག་ནི་མགྲོན་པོའི་སྤོ་ལོ་ཐང་དུ་སྐར་གྲངས་0-7གྱིས་ཀྲུང་གོའི་ཤང་ཀང་རུ་ཁག་ལ་མ་དོ་བ་རེད། ཀྲུང་གོའི་རུ་ཁག་དང་འབྲུག་ཡུལ་རུ་ཁག་དེ་གཉིས་རྩལ་ནུས་ཐད་ཧེ་བག་ཆེན་པོ་ཡོད་པས། འགྲན་བསྡུར་མ་བྱས་གོང་དུ་ཀྲུང་གོའི་རྐང་རྩེད་སྤོ་ལོར་དགའ་མཁན་ཚོས་ཀྱང་ཀྲུང་གོར་རྒྱལ་ཁ་ཆེན་པོ་ཐོབ་པའི་རེ་འདོད་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲིག་འགྲན་བསྡུར་ཁྲོད་ཀྲུང་གོའི་རྐང་རྩེད་སྤོ་ལོའི་
རུ་ཁག་གིས་སྐར་གྲངས་6-0གྱིས་འབྲུག་ཡུལ་རྐང་རྩེད་
སྤོ་ལོའི་རུ་ཁག་ཕམ་པར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།