འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“རྫོང་དང་གྲོང་ཁྱེར་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་དོན་ཕྱོགས་བསྡུས་
    སྒྱུར་བཅོས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་སྤེལ་གཏོང་བའི་
    རྣམ་གྲངས”གཉེར་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་རོགས་རམ་བྱས་ཏེ་ཕྱོགས་བསྡུས་ནུས་པ་མཐོ་རུ་ཇེ་མགྱོགས་སུ་གཏོང་བ་དང་། སྨན་དོན་མི་སྣའི་ལུགས་མཐུན་གྱི་སྨན་སྤྱོད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་སྦྱོར་པའི་རྩལ་ནུས་མཐོ་རུ་གཏོང་བ་བཅས་བྱ་ཆེད་པེ་ཅིང་སློབ་ཆེན་གྱི་གསོ་རིག་པུའུ་ཡིས་སྣེ་ཁྲིད་པ་དང་ཧུའེ་རུའེ་ཀྲུང་གོས་རྒྱབ་སྐྱོར་བྱེད་པའི“རྫོང་དང་གྲོང་ཁྱེར་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་དོན་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་སྤེལ་གཏོང་བའི་རྣམ་གྲངས”དེ་ཚེས་5ཉིན་གཉེར་འགོ་བརྩམས་པ་རེད།
         འགོ་འཛུགས་མཛད་སྒོའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྨན་རིགས་སྲིད་ཇུས་དང་གཞི་རྩའི་སྨན་རིགས་ལམ་ལུགས་སིའི་སི་ཀྲང་ཀྲེན་ཧུང་གིས། མིག་སྔར་རང་རྒྱལ་གྱི་རྫོང་རིམ་པའི་སྨན་ཁང་གིས་ཞབས་འདེགས་ཞུ་བའི་མི་འབོར་དུང་ཕྱུར་9ལྷག་ཙམ་ཟིན་ནའང་། དེས་སྒྲུབ་པའི་སྨན་བཅོས་ཞབས་ཞུ་དང་དེའི་བྱེད་ནུས་གཏན་འཁེལ་སྔར་བཞིན་དོ་མཉམ་མེད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་སྨན་དོན་ཕྱོགས་བསྡུས་སྒྱུར་བཅོས་དང་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་ནི་རྫོང་རིམ་པའི་སྨན་ཁང་ལ་མཁོ་བ་དང་ལྷག་དོན་དུ་སྨན་དོན་ཞབས་ཞུའི་ཁྱབ་ཁོངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ནུས་པ་འཛུགས་སྐྱོང་དང་། ཤེས་ལྡན་པ་གསོ་སྦྱོང་། སྨན་བཅོས་སྤུས་ཚད། སྨན་བཅོས་བདེ་འཇགས། རྒྱུན་གཏན་དོ་དམ་ནུས་པ་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུ་ཡིན་ཞེས་བརྗོད།
         རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་ཆེད་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས《རྫོང་རིམ་པའི་སྨན་ཁང་གི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་ལས་དོན་ཇུས་གཞི》བཟོས་ཏེ་དམིགས་ཚད་གསལ་པོ་བཏོན་པ་སྟེ་འཛུགས་སྐྲུན་དང་། གསོ་སྦྱོང་། རོགས་སྐྱོར་སོགས་ལ་བརྟེན་ནས་རྫོང་རིམ་པའི་སྨན་ཁང་གིས་ཤེས་ལྡན་པ་དང་། ལག་རྩལ། གཙོ་གནད་ཆེད་ཚན་སྲོག་ཤིང་དུ་བྱས་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྨན་ཁང་དོ་དམ་ཁྲིམས་ལུགས་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན། ཞིབ་ཚགས་ཅན། ཆ་འཕྲིན་ཅན་བཅས་སུ་འགྱུར་བར་བྱས་ཏེ་རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད་90%ཙམ་ཟིན་རྒྱུར་བརྩོན་ལེན་བྱས་ནས་སྤྱིར་ན་རྫོང་ནས་ན་ཚ་ཆེན་པོ་བཅོས་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།