འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་རང་རྒྱལ་གྱི་སྒྲིག་ཁོངས་གྲོང་ཚོ་ཚང་མར་མཁྲེགས་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་23ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2020ལོར་སླེབས་སྐབས་རང་རྒྱལ་གྱི་སྒྲིག་ཁོངས་གྲོང་ཚོ་ཚང་མར་མཁྲེགས་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་། བདག་སྐྱོང་གྲོན་དངུལ་ཚང་མ་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ། ཆ་རྐྱེན་འཛོམས་པའི་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བྱ་རྒྱུ་ཡིན་པའི་སྐོར་གསར་འགོད་པར་ཚེས་21ཉིན་འཚོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་རེད།
         ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་པར་འགྲེམས་བྱས་པའི་《“ལེགས་བཞི་ཅན་གྱི་གྲོང་ཚོའི་ལམ་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》གཞིར་བཟུང་སླད་ཕྱིན་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་གཏོང་སྐབས་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། གཉེར་སྐྱོང་བཅས་ཕྱོགས་བཞི་གཙོ་བོར་བཟུང་ནས་ཤུགས་སྣོན་རྒྱག་རྒྱུ་རེད།
         གྲོང་གསེབ་ཀྱི་གཞུང་ལམ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོར་མཁྲེགས་ལམ་ཤར་གཏོང་ཐུབ་ཚད་རྩ་བའི་ཆ་ནས་100%ཟིན་པར་བྱ་རྒྱུ་དང་། རྫོང་དང་ཤང་གི་བགྲོད་ལམ་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཚད་རྩ་བའི་ཆ་ནས་100%ཡན་ཟིན་པར་བྱ་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་ཐོག་གི་ཉེན་ཆེའི་ཟམ་པའི་གྲངས་འབོར་ལོ་རེ་བཞིན་ཉུང་དུ་གཏོང་རྒྱུ། གསར་སྐྲུན་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་ཐེངས་གཅིག་ལ་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱེད་ཚད་98%ཟིན་པར་བྱ་རྒྱུ། ཚབས་ཆེན་དང་དེ་ཡན་གྱི་བདེ་འཇགས་འགན་འཁྲིའི་ལས་འཛོལ་བཀག་འགོག་ནུས་ལྡན་ཐུབ་པར་བྱ་རྒྱུ། ཚབས་ཅུང་ཆེ་བ་དང་སྤྱིར་བཏང་གི་ལས་འཛོལ་ཐོན་ཚད་མངོན་གསལ་དོད་པོས་ཆག་པར་བྱ་རྒྱུ་བཅས་རེད།
         གྲོང་གསེབ་ཀྱི་གཞུང་ལམ་ཕྱོགས་ཡོངས་ནས་དོ་དམ་ཡག་པོ་བྱ་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགན་འཁྲི་གཙོ་བོ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པར་བྱས་ཏེ་སྤྱི་པའི་ནོར་སྲིད་གཏོང་ཆ་གཙོ་བོ་བྱས་པའི་མ་དངུལ་འགན་ལེན་ལམ་སྲོལ་ཁྱོན་ཡོངས་ནས་འཛུགས་རྒྱུ་དང་། རྫོང་དང་ཤང་རིམ་པའི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་སྒྲིག་གཞི་འཛུགས་ཚད་100%ཟིན་པར་བྱ་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་སྒྲིག་གཞིའི་གྲོན་དངུལ་ནོར་སྲིད་སྔོན་རྩིས་ནས་གཏོང་བའི་བསྡུར་ཚད་100%ཟིན་པར་བྱ་རྒྱུ་བཅས་རེད།
         གྲོང་གསེབ་ཀྱི་གཞུང་ལམ་ཕྱོགས་ཡོངས་ནས་བདག་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་བདག་སྐྱོང་གྲོན་དངུལ་ཚང་མ་ནོར་སྲིད་སྔོན་རྩིས་ནས་གཏོང་རྒྱུ་དང་འབྲེལ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་ཞིག་བཙུགས་ནས་བདག་སྐྱོང་གི་དགོས་མཁོ་རྩ་བའི་ཆ་ནས་སྐོང་རྒྱུ་དང་།གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ཁོངས་སུ་འཇུག་ཚད་100%ཟིན་པར་བྱ་རྒྱུ། རབ་ལེགས་འབྲིང་སོགས་ལམ་གྱི་བསྡུར་ཚད་75%ལས་མི་དམའ་བ་བྱ་རྒྱུ་དང་ལམ་ཚུལ་སྟོན་གྲངས་ལོ་རེ་བཞིན་མཐོ་རུ་གཏོང་རྒྱུ་བཅས་རེད།
         གྲོང་གསེབ་ཀྱི་གཞུང་ལམ་ཕྱོགས་ཡོངས་ནས་གཉེར་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་ཆ་རྐྱེན་འཛོམས་པའི་སྒྲིག་ཁོངས་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲུལ་སྐྱེལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཆུ་ཚད་A3རིམ་པ་ཡན་(ཚུད་པ)དུ་སླེབས་པའི་རྫོང་60%ལས་བརྒལ་བར་བྱ་རྒྱུ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་དུ་ཁྱབ་པའི་གྲོང་གསེབ་ཀྱི་ཟོག་འགྲེམས་དྲ་བ་ཅིག་རྩ་བའི་ཝ་ཆ་ནས་སྐྲུན་ཐུབ་པ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།