འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཀྲུང་དབྱང་གི་ཆུ་བེད་མ་དངུལ་སྒོར་དུང་ཕྱུར་40ཙམ་དོན་འཁྱོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་22ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་ཆུ་བེད་སྡེ་ཚན་གྱིས་ཀྲུང་དབྱང་གི་ཆུ་བེད་མ་དངུལ་སྒོར་དུང་ཕྱུར་39.7དོན་འཁྱོལ་བྱས་ཏེ་ལོ་འཁོར་མོར་སྒོར་དུང་ཕྱུར་35དོན་འཁྱོལ་བྱ་རྒྱུའི་ལས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཚད་113%ཟིན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གྲོང་གསེབ་ཆུ་བེད་འཕེལ་རྒྱས་ཁྲུའི་འགན་འཁུར་བ་ཡེ་ཤེས་སྒྲོལ་དཀར་གྱིས་བོད་ལ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཆུའི་ཐོན་ཁུངས་གསར་སྤེལ་ལུགས་མཐུན་བྱ་རྒྱུ་དང་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུ་ནི་བོད་ཀྱི་འཕེལ་རྒྱས་དང་མི་སེར་གྱི་འཚོ་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན། 2014ལོར་བོད་ཀྱིས་ཀྲུང་དབྱང་གི་ཆུ་བེད་མ་དངུལ་སྒོར་དུང་ཕྱུར་35གཏོང་རྒྱུའི་ལས་འགན་ལེགས་པར་གྲུབ་བྱུང་བ་དང་ཞིང་ཆུ་འདྲེན་གཏོང་རྒྱ་ཁྱོན་མུའུ་ཁྲི་30ལྷག་ཙམ་མང་དུ་དང་ལེགས་སུ་ཕྱིན་ནས་བོད་ཀྱི་ཞིང་ཁུལ་གྱི་ཞིང་ཁར་ཆུ་འདྲེན་པའི་གནོན་ཤུགས་ཇེ་ཆུང་དུ་སོང་ཡོད་ཅེས་བཤད་པ་རེད།
         2014ལོར་བོད་ལྗོངས་ཀྱིས་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་གཙོ་བོ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་སྔོན་དཔག་བྱས་ན་2020ལོར་འཛུགས་སྐྲུན་ཟིན་རྒྱུ་རེད། ལས་གྲྭ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་བེད་རྣམ་གྲངས་གལ་ཆེན་172ཀྱི་གྲས་ཤིག་ཡིན་པ་དང་བསྐྲུན་ཟིན་རྗེས་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་སྐམ་ཤས་ཆེ་བའི་ས་ཁུལ་ཆེ་གྲས་བཞིར་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་། ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ཁར་ཞིང་ཆུ་འདྲེན་གཏོང་ནུས་ལྡན་ཐུབ་རྒྱུ། གློག་ཤུགས་མཁོ་འདོན་དང་ཆུ་ལོག་སྔོན་འགོག་ནུས་པ་ཆེར་གཏོང་སོགས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། མིག་སྔར་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་2015ལོའི་ལོ་འཁོར་གྱི་རྣམ་གྲངས་ཁག་དང་པོའི་འོས་སྐུལ་འོས་དཔོད་ལས་དོན་སྤེལ་མཇུག་འགྲིལ་ཉེར་ཡོད་པ་དང་། འོས་ཐོན་བྱུང་བའི་ཚན་པ་ཡོངས་བསྒྲགས་བྱས་པ། རྣམ་གྲངས་ཁག་གཉིས་པ་དང་གསུམ་པའི་འོས་སྐུལ་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད་པ། སྔོན་དཔག་བྱས་ན་ཟླ་དྲུག་པའི་གོང་དུ་ལེགས་འགྲུབ་ཡོང་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ནི་ཀྲུང་གོའི་ཆུའི་ཐོན་ཁུངས་འཐབ་ཇུས་གསོག་འཇོག་ས་ཁོངས་གལ་ཆེན་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་ལོ་རེའི་ཆ་སྙོམས་ཆུའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་4300ལྷག་ཙམ་ཟིན་པ་དང་ཆུ་རྒྱུག་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་10000ཟིན་པ་ཡན་གྱི་ཆུ་བོ་28ཡོད་པ་དེ་དག་ནི་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ་གྱི“ཆུ་བོའི་འབྱུང་ཁུངས”དང“སྣོད་བཅུད་འབྱུང་ཁུངས”གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལྗོངས་ལ“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་ཀྱང་བརྗོད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པ”ཡི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་ནང་ཆུ་བེད་རྣམ་གྲངས་16ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་290ལྷག་ཙམ་བཏང་ཡོད། དེའི་ནང“ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་མ་དངུལ་སྒོར་དུང་ཕྱུར་110ལྷག་ཙམ་བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པ”ལས་ལྡབ་གཅིག་འཕར་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་རྫོང་74རུ་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་(ཆེད་དམིགས་རྣམ་གྲངས)རྫོང་ཡོངས་སུ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།