འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་གཞུང་ལམ་འགྲིམ་
    འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་
    རྒྱག་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་22ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཧྲའན་ཤིས་ཞན་དབྱང་དུ“5·15”གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་བརྡ་ཁྱབ་བཏང་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད་ཅིང་། དེའི་ནང་གྲོང་གསེབ་དང་རི་ཁུལ་གྱི་གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་བྱེད་པའི་བདེ་འཇགས་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་འགྲུལ་སྐྱེལ་རླངས་འཁོར་ཁྲིམས་འགལ་ངང་སྒྲིག་བཟོ་དང་ཁྲིམས་འགལ་ངང་གཉེར་སྐྱོང་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། གཞུང་ལམ་བདེ་འཇགས་ཀྱི་ཚེ་སྲོག་འགོག་སྲུང་ལས་གྲྭ་ལག་བསྟར་དང་ཁ་ལོ་བས་བདེ་འཇགས་ཀྱི་དམ་བཅའ་འཇོག་པ་དང“ཉེན་འགོག་སྐ་རགས་ཏེ། ཚེ་སྲོག་ཐག་པའི”ཆེད་དོན་བྱ་སྤྱོད་སོགས་ཁྱོན་ཡོངས་ནས་སྤེལ་དགོས་པ་སོགས་ཚུད་ཡོད་པ་རེད།
         བརྡ་ཁྱབ་ནང་གྲོང་གསེབ་དང་རི་ཁུལ་གཞུང་ལམ་དུ་་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་བྱེད་པའི་བདེ་འཇགས་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མངོན་མེད་རྐྱེན་ངན་ཚབས་ཆེན་བཅོས་སྒྲིག་མ་བྱས་པའི་གྲོང་གསེབ་དང་རི་ཁུལ་སོགས་གཙོ་གནད་ལམ་དུམ་དུ་འགྲུལ་སྐྱེལ་རྒྱུན་ཚིགས་རླངས་འཁོར་དང་ཡུལ་སྐོར་བོགས་བླངས་རླངས་འཁོར་བསྐྱོད་རྒྱུ་བཀག་སྡོམ་ནན་པོ་བྱེད་དགོས་པ་དང་། བདེ་འཇགས་ཤར་བགྲོད་ཀྱི་ཆ་རྐྱེན་མ་ཚང་བའི་རིམ་གསུམ་མན་གྱི་རི་ཁུལ་གཞུང་ལམ་དུ་་མཚན་མོ་འཁོར་རིགས་སྐྱོད་མི་ཆོག་པའི་ནན་བཤད་བྱས་ཡོད་པ་རེད།
         བརྡ་ཐོའི་ནང་ཁ་ལོ་བའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གཞུང་ལམ་འགྲུལ་སྐྱེལ་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱ་གཞིར་བྱས་ཏེ“བདེ་འཇགས་ཐོན་སྐྱེད་ཟླ་བའི”རིང་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་རླངས་འཁོར་རྡོག་ཐོན་མ་བྱས་གོང་འགྲུལ་པར་ངོ་ཐུག་གདོང་འཕྲད་ངང་བདེ་འཇགས་དམ་བཅའ་འཇོག་པའི་བྱེད་སྒོ་ཕྱོགས་ཡོངས་དང་གཏིང་ཟབ་ངང་སྤེལ་ཏེ་རླངས་འཁོར་གཏོང་བའི་བརྒྱུད་རིམ་ནང“མི་བྱེད་པ་ལྔ་དང་འགན་ལེན་གཉིས”ཀྱི་དམ་བཅའ་འཇོག་དགོས་པ་སྟེ། མྱུར་ཚད་ལས་མི་བརྒལ་བ་དང་། འགྲུལ་པ་ཚད་ལས་མི་བརྒལ་བ། དཀའ་ལས་བྱུང་དུས་རླངས་འཁོར་མི་གཏོང་བ། རླངས་འཁོར་གཏོང་སྐབས་ལག་ཐོགས་ཁ་པར་སྤྱོད་མི་བྱེད་པ། སྒུལ་ཚུལ་ལྟ་སྐུལ་ཚོད་འཛིན་མ་ལག་མི་བཀག་པ། ཉེན་འགོག་སྐ་རགས་ཡག་པོ་རྒྱག་པའི་འགན་ལེན། འགྲུལ་པའི་ཚེ་སྲོག་བདེ་འཇགས་འགན་ལེན་བཅས་ཡིན་པ་དང་། “ཉེན་ཉེན་འགོག་སྐ་རགས་ཏེ། ཚེ་སྲོག་ཐག་པའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་འགྲུལ་སྐྱེལ་རླངས་འཁོར་གྱི་ཐོ་འགོད་དང་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་དང་འགྲུལ་སྐྱེལ་བབས་ཚུགས་ནས་ཐོན་སྐབས་ཞིབ་བཤེར་ནན་པོ་བྱེད་པ་དང་འགྲུལ་པ་སྡོད་ས་ཚང་མར་ཉེན་ཐག་སྒྲིག་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།