འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་4པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    ལས་འགལ་བའི་གནད་དོན་2508ཞིབ་བཤེར་ཐག་གཅོད་བྱས་པ།

    སྒྲིག་ཁྲིམས་ལས་འགལ་ནས་གཞུང་འཁོར་བཀོད་སྒྲིག་དང་སྤྱད་པའི་གནད་དོན་ཐོན་མང་ཤོས་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་21ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། འདི་ལོའི་ཟླ་4པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་2508ཞིབ་བཤེར་བྱས་པའི་ནང་མི་གྲངས་3238ཐག་གཅོད་བྱས་པ་དང་མི་གྲངས་1849ལ་ཏང་སྒྲིག་སྲིད་སྒྲིག་གི་ཆད་པ་བཅད་ཡོད་པ་རེད།
         རྒྱལ་ཡོངས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ཚུལ་ཤེས་རྟོགས་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་59ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཟླ་རེའི་སྙན་ཞུ་འབུལ་ལམ་བཟོས་པ་རེད། 2015ལོ་ཤར་ཚུན། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་7595ཞིབ་བཤེར་བྱས་པའི་ནང་མི་10125ཐག་གཅོད་བྱས་པ་དང་མི་5965ལ་ཏང་སྒྲིག་སྲིད་སྒྲིག་གི་ཆད་པ་བཅད་ཡོད་པ་རེད།
         དེའི་ཁྲོད་འདི་ལོའི་ཟླ་4པར་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་2508ཡོད་པའི་ནང་སྒྲིག་ཁྲིམས་ལས་འགལ་ནས་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་གནད་དོན་802དང་། སྒྲིག་ཁྲིམས་ལས་འགལ་ནས་ཕོགས་སྣོན་དང་ཁ་གསབ་རོགས་དངུལ་སྤྲད་པའི་གནད་དོན་366 གཉེན་སྒྲིག་དང་རྗེས་མཇུག་རྒྱས་སྤྲོས་བྱས་པའི་གནད་དོན་357 སྒྲིག་ཁྲིམས་ལས་འགལ་ནས་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་བྱས་པའི་གནད་དོན་323 སྒྲིག་ཁྲིམས་ལས་འགལ་ནས་གཞུང་དངུལ་གྱིས་ཟ་བཏུང་བྱས་པའི་གནད་དོན་354 གཞུང་དངུལ་བཏང་ནས་ཡུལ་སྐོར་ལ་བསྐྱོད་པའི་གནད་དོན་113 ཚད་ལས་འགལ་ནས་སྣེ་ལེན་དང་དང་ལེན་བྱས་པ་དང་། གཞུང་དངུལ་བཏང་ནས་འགྲོ་སོང་མཐོ་བའི་རོལ་རྩེད་ལུས་སྦྱོང་བྱེད་སྒོ་དང་ལེན་ནམ་དེའི་ནང་ཞུགས་པ། སྒྲིག་ཁྲིམས་ལས་འགལ་ནས་སྒེར་གྱི་འདུ་གནས་ལ་འཛུལ་ཞུགས་བྱས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་གི་སྒྲིག་ཁྲིམས་ལས་འགལ་བ་བཅས་ཀྱི་གནད་དོན་171 མགྲོན་ཁང་དང་། ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་22ཡོད་པ་རེད། ཟླ་4པར་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བས་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་ཕོག་པའི་ལས་བྱེད་པའི་ཁྲོད་ས་ཁུལ་དང་ཐིང་རིམ་པ་22དང་རྫོང་དང་ཁྲུའུ་རིམ་པ་170ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།