འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་གི་སྒོ་བྱང་པེ་ཅིང་དུ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་21ཉིན། 08:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དངམས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི”རི་མོའི་བརྩམས་ཆོས་གསར་རྩོམ་འདུ་འགོད་ཆེ་གྲས་ཀྱི་འགོ་ཚུགས་དང་། རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་གཉེར་བ་རེད།
         རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་ནི་དེ་སྔའི་མི་རིགས་རིག་གནས་ཕོ་བྲང་དུ་བཙུགས་པའི་མི་རིགས་རི་མོའི་སློབ་གླིང་ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཆོག་མཆན་ཐོབ་རྗེས་2014ལོའི་ཟླ་2པར་རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་ཞེས་པར་མིང་སྒྱུར་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཨ་པུའུ་ལའེ་ཐི•ཨ་པུའུ་ཏུའུ་རེ་ཞིས་ཐིས་མཚན་འཛིན་ཡོན་ཀྲང་གི་འགན་ཁུར་བ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མི་རིགས་རིག་གནས་ཕོ་བྲང་གི་ཀྲུའུ་རེན་གཞོན་པ་ཝང་ལིང་ཤུས་ཀྱིས་ཡོན་ཀྲང་གི་འགན་ཁུར་གྱི་ཡོད། ད་ཆ་རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་གི་གཤམ་འོག་ཏུ་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་ཁང་དང་། སྣུམ་ཚོན་རི་མོ་ཁང། ཡིག་གཟུགས་དང་བརྐོས་ཡིག་ཁང་། བརྐོས་རིས་ཁང་། འཇིམ་བརྐོ་ཁང་། དེང་རབས་སྒྱུ་རྩལ་གསར་རྩོམ་ཞིབ་འཇུག་ཁང་། སྒྱུ་རྩལ་ཇུས་བཀོད་ཁང་། རི་མོའི་རིག་གཞུང་ཞིབ་འཇུག་ཁང་། སྤྱི་པའི་སྒྱུ་རྩལ་ཁང་། གཞོན་ནུའི་རི་མོ་ཁང་། ཐང་གའི་སྒྱུ་རྩལ་ཞིབ་འཇུག་ཁང་བཅས་ཆེད་ལས་ལས་ཁང་11ཡོད་པར་ཁང་དེ་དང་ཕྱི་ནས་ཡོང་བའི་རི་མོ་མཁས་པ་300ལྷག་ཙམ་ཡོད།
         “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རི་མོའི་བརྩམས་ཆོས་གསར་རྩོམ་འདུ་འགོད་ཆེ་གྲས་དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱབ་སྐྱོར་དང་མི་རིགས་རིག་གནས་ཕོ་བྲང་དང་རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་གིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེས་རྒྱལ་ཡོངས་ཀྱི་རི་མོ་མཁས་ཅན་100ལྷག་ཙམ་གདན་ཞུ་བྱས་ཏེ་ལོ་གཅིག་དང་ལོ་ཕྱེད་ནང་གཅིག་སྡུད་ཐོག“མཐུན་སྒྲིལ་ཕུགས་འདུན་འགྲུབ་པ་དང་འཕེལ་རྒྱས་ཀྱི་འདུན་པ་དོན་གཉེར་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་བརྗོད་བྱ་གཙོ་བོའི་རི་མོ་གསར་རྩོམ་ཆེ་གྲས་གཉེར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་གཙོ་བོའི་རི་མོའི་གསར་རྩོམ་དང་རིགས་གཞུང་ཞིབ་འཇུག་དང་འགྲེམས་སྟོན་དང་བགྲོ་གླེང་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ཕུལ་ནས་དུས་རབས་གསར་པར་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས། གཅིག་སེམས་གཅིག་སྒྲིལ། སོ་སྲུང་རོགས་རེས་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་མཚོན་པར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།