འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཁྱོན་མི་ཁྲི་6.4ཙམ་གནས་སྤོ་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་02ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་30ཉིན་གྱི་ཆུ་ཚོད་15བར་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པས་བོད་ལྗོངས་སུ་མི་25ཤི་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་པ། མི་856རྨས་པ། དུད་ཚང་2699ཡི་ཁང་པ་རྡིབ་པ། དུད་ཚང་37214ཡི་ཁང་པར་གཏོར་སྐྱོན་ཕོག་པ། དགོན་སྡེ་146ལ་གཏོར་སྐྱོན་ཕོག་པ(དེའི་ནང་དགོན་སྡེ་48ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་དགོན་སྡེ་25ལ་གཏོར་སྐྱོན་འབྲིང་ཙམ་ཕོག་ཡོད)དང་མི་ཁྲི་30ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། འགྲམ་གྲོང་རྡལ་གྱི་ཉེན་གྱར་མང་ཚོགས་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་དང་བཀོད་སྒྲིག་འོས་འཚམ་བྱུང་རྗེས་ར་ཟུར་ཟམ་པའི་ཁོངས་གཏོགས་ཀྱི་མི་སྣ་གནས་སྤོ་བརྒྱུད་འདྲེན་གྱི་ལས་འགན་ཡང་ལེགས་གྲུབ་བྱུང་བ་རེད།
         བོད་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག་ཕྱོགས་ཁག་གི་ནུས་པས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་ཡོད།
         མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་63989གནས་སྤོ་བཀོད་སྒྲིག་བྱུང་བ་དང་དེའི་ནང་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་བཅས་གནོད་འཚེ་ཚབས་ཆེ་ཙམ་ཕོག་པའི་རྫོང་གསུམ་ནས་མི་21265དང་། མི་10513 མི་24097སོ་སོར་གནས་སྤོ་བཀོད་སྒྲིག་བྱས་ཡོད།
         གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་འཕྲིན་གཏོང་ལ་འགོག་རྐྱེན་འཕྲད་པ་དང་། དིང་རི་རྫོང་རོང་ཤར་ཤང་ནས་ཕྱི་ཕྱོགས་ལ་མ་གཏོགས་འབྲེལ་གཏུག་མི་ཐུབ་པ། ཆུ་སྟེང་ཤང་གི་འཕྲིན་གཏོང་བརྟན་པོ་མེད་པ། སྐྱིད་གྲོང་རྫོང་ར་ཟུར་འགག་སྒོའི་སྒུལ་བདེའི་བརྡ་རྟགས་གནས་སྐབས་ཆད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།