འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་སོགས་
    མི་3ཤོ་རྒྱག་རྒྱན་འཛུགས་ལ་ཞུགས་པས་གོ་གནས་འཐེན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ལ་རྨ་ཆུ་རྫོང་གི་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའམ་ཅུས་ཀྲང་ཉིང་ཞའོ་ཆང་སོགས་མི་3ཤོ་རྒྱག་རྒྱན་འཛུགས་ལ་ཞུགས་པའི་དབང་གིས་གོ་གནས་འཐེན་པ་དང་གྱོད་ཐོ་བཀོད་ནས་བརྟག་དཔྱད་ཐག་གཅོད་བྱས་པ་བརྡ་ཁྱབ་བཏང་བ་རེད།
         ཀན་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་ཚུལ་ལ་གཞིགས་ཏེ་རྨ་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་གཞོགས་འདེགས་བྱེད་པའི་འོག་འདི་ལོའི་ཟླ་3ཚེས་31ཉིན་གྱི་ཆུ་ཚོད་15དང་སྐར་མ་10སྟེང་རྨ་ཆུ་རྫོང་ཐང་ཆེན་སྡེ་ཁུལ་ཐོག་ཁང་ལྔ་པའི་ཁང་ཚན་གཉིས་པའི་ཁང་པ་211ཏུ་ཞིབ་བཤེར་བྱེད་སྐབས་རྨ་ཆུ་རྫོང་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའམ་ཅུས་ཀྲང་ཉིང་ཞའོ་ཆང་དང་། ཆེད་གཉེར་ཧྲུའུ་ཅི་གཞོན་པ་མིའོ་ཡན་ཕིང་། ཁྲིམས་ལག་བསྟར་རུ་ཆེན་གྱི་རུ་གཙོ་བློ་བཟང་ཕུན་ཚོགས། རླངས་འཁོར་ཁ་ལོ་བ་དབྱང་ཝུན་དབྱི་བཞི་པོས་ཤོ་རྒྱག་རྒྱན་འཛུགས་བྱེད་བཞིན་ཡོད་པ་ཡུལ་དངོས་སུ་བཟུང་བ་རེད།
         ཀན་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཀན་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཉིང་ཞའོ་ཆང་དང་། མིའོ་ཡན་ཕིང་། བློ་བཟང་ཕུན་ཚོགས་གསུམ་གྱི་གོ་གནས་འཐེན་རྒྱུའི་གྲོས་ཐག་བཅད་པ་དང་། རྨ་ཆུ་རྫོང་ཏང་ཨུས་འབྲེལ་ཡོད་བྱ་རིམ་ལ་གཞིགས་ནས་གོ་གནས་འཐེན་པའི་འགྲོ་ལུགས་འགྲིམ་པ་དང་། སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་གྱོད་ཐོ་བཀོད་དེ་བརྟག་དཔྱད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།