འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་
    ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་
    ལོ་56འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་
ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་
ལོ་56འཁོར་བར་དྲན་གསོ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་24ཉིན། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ཁག་དང་ལས་རིགས་ཁག་གིས“3•28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བསུ་བ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་བོད་ལྗོངས་ཀྱི་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         1959ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་གཏོང་རྒྱུའི་བཀའ་རྒྱ་བཏང་བ་དང་། 2009ལོའི་ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་ལྟར་གྱི་ཟླ་3ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུར་ཞུགས་མཁན་མི་རིགས་ཁག་གི་འཐུས་མི་རྣམས་ཀྱིས་ཕན་ཚུན་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།