འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་བུ་མོ་མཚེ་མས་སློབ་གྲྭ་འགྲིམས་པའི་སྐོར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རིགས་བུ་མོ་མཚེ་མས་སློབ་གྲྭ་འགྲིམས་པའི་སྐོར།
         མི་དམངས་དྲ་བའི་འཕྲིན། བོད་རིགས་བུ་མོ་མཚེ་མ་ཚེ་རིང་སྒྲོལ་མ་དང་ཚེ་རིང་གཡང་འཛོམས་ད་ལོར་ལོ་10ལ་སོན་ཡོད་པ་དང་། ཕ་ཡུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྲེན་ཕིང་གྲོང་རྡལ་འཇོལ་ཤོད་གྲོང་ཚོར་གནས་ཤིང་། ཁོང་ཚོའི་ཁྱིམ་དུ་སྤོ་བོ་དང་། ཕ་མ། གཅེན་མོ། མཚེ་མ་དེ་གཉིས་བཅས་མི་དྲུག་ཡོད། ཨ་ཕས་བསྲེགས་ཟས་ཁང་ཞིག་བཙུགས་པ་དང་ཨ་མས་ཁྱིམ་དུ་ཞིང་ལས་བྱེད་པ། གཅེན་མོ་དང་ཁོང་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་པ་རེད།
         ད་ཆ་ཁོ་གཉིས་བདེ་ཆེན་རྫོང་སློབ་ཆུང་དང་པོའི་ལོ་རིམ་བཞི་པར་སློབ་སྦྱོང་བྱེད་བཞིན་ཡོད། གཅེན་མོ་ཚེ་རིང་སྒྲོལ་མའི་སྦྱངས་འབྲས་ཧ་ཅང་ཡག་པོ་ཡོད་པ་དང་ཁོང་དབྱིན་སྐད་སློབ་ཚན་ལ་ཧ་ཅང་དགའ་པོ་ཡོད། ཁོ་མོའི་རེ་བ་ནི་པེ་ཅིང་ངམ་ཡང་ན་ཁུན་མིང་དུ་སློབ་ཆེན་འགྲིམས་ནས་སློབ་གྲྭ་ཐོན་རྗེས་དབྱིན་སྐད་དགེ་རྒན་ཞིག་བྱ་རྒྱུ་དེ་རེད། གཅུང་མོ་ཚེ་རིང་གཡང་འཛོམས་ཧྲང་ཧའེ་དང་ཨ་རིར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད། ཁོ་མོའི་རེ་བ་ཆེ་ཤོས་ནི་སླད་ཕྱིན་སྨན་པ་ཞིག་བྱས་ནས་ཕ་ཡུལ་དུ་ལོག་རྗེས་ནད་པར་ནད་གཞི་ལྟ་རྒྱུ་དེ་རེད།
         བདེ་ཆེན་རྫོང་སློབ་ཆུང་དང་པོ་ནི་ས་གནས་དེ་གའི་ཤང་གྲོང་སློབ་ཆུང་བཞི་ཟླ་སྒྲིལ་བཏང་རྗེས་བཙུགས་པ་ཞིག་ཡིན་ཞིང་། སློབ་ཁྲིད་ཀྱི་སྒྲིག་ཆས་ཚང་མ་གསར་རྐྱང་ཡིན་པ་དང་97%ཡན་བོད་རིགས་སློབ་མ་ཡིན་པ་རེད། སློབ་མ་ཚོའི་སློབ་ཡོན་དང་ཉལ་ཁང་གི་རིན་པ་ཚང་མ་སྤྲོད་མི་དགོས་པ་དང་ཉིན་ལྟར་ཁ་ལག་སྣ་ཁ་འཛོམས་པོ་ཡོད་པ་དང་སློབ་མ་7ནས་8བར་ཉལ་ཁང་གཅིག་ནང་སྡོད་པ་མ་ཟད། སྒེར་གྱི་འཁྲུད་ཁང་ཡང་བཙུགས་ཡོད་པ་རེད། སློབ་གྲྭས་ད་དུང་སློབ་སྦྱོང་གི་ཡོ་ཆས་དང་འཚོ་བའི་སྤྱོད་ཆས་གཅིག་གྱུར་བཀོད་སྒྲིག་བྱས་ཡོད།
         ཉེ་བའི་ལོ་ཤས་རིང་སློབ་གྲྭས་བྱང་ཚད་སློབ་གསོར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཡིག་དང་། རྩིས་འཁོར། ཞབས་བྲོ་སོགས་ཀྱི་སློབ་ཚན་གསར་དུ་བཀོད་སྒྲིག་བྱས་ཏེ་སློབ་མ་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། འདི་ནི་ཚེ་རིང་སྒྲོལ་མ་(མདུན་གྱི་གཡོན)དང་ཚེ་རིང་གཡང་འཛོམས་(མདུན་གྱི་གཡས)རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།