འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སློབ་ཆེན་གྱི་སློབ་མས་ས་ཆུ་སྲུང་འཛིན་བྱས་ཏེ་མཛེས་སྡུག་ལྡན་པའི་
    བོད་ལྗོངས་བསྐྲུན་རྒྱུའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་26ཉིན། 08:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སློབ་ཆེན་གྱི་སློབ་མས་ས་ཆུ་སྲུང་འཛིན་བྱས་ཏེ་མཛེས་སྡུག་ལྡན་པའི་
བོད་ལྗོངས་བསྐྲུན་རྒྱུའི་རེ་འབོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་22ཉིན་ནི་སྐབས་23པའི“འཛམ་གླིང་གི་ཆུའི་ཉིན་མོ”དང་། དེ་བཞིན་སྐབས་28པའི“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་ཉིན་དང་པོ་དེ་ཡིན། བོད་ལྗོངས་སློབ་ཆེན་དུ“ས་ཆུ་སྲུང་འཛིན་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན”ཞེས་པའི་སློབ་ཆེན་སློབ་མས་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་ཞིང་། སློབ་མ་ཚོ་མིང་རྟགས་འགོད་པའི་བྱེད་སྒོའི་ནང་ཞུགས་པ་རེད། བྱེད་སྒོ་ནི་བོད་ལྗོངས་ཆུ་བེད་ཐིང་དང་། ཆུ་བེད་སློབ་ཚོགས། ས་ཆུ་སྲུང་འཛིན་ཅུས། བོད་ལྗོངས་སློབ་ཆེན་བཅས་ཀྱིས་མཉམ་དུ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་མི་རྣམས་ཀྱིས་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་དུ་ཡིན་ཞིང་། འདི་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཚོས་བྱེད་སྒོའི་ཐོག་མིང་རྟགས་འགོད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།