འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
    བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
    པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་16ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་15ཉིན་གྱི་ཕྱི་དྲོར་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་རིགས་ཕོ་བྲང་དུ་འཚོགས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲོའུ་ཆང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཀྲེང་ཝེ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། 
         བསླབ་དེབ་ཕྲེང་བསྟར་མ་འདིར་<<རྩ་ཁྲིམས་བསླབ་དེབ་>>དང་། <<ཉེས་ཁྲིམས་བསླབ་དེབ།>>  <<དམངས་ཁྲིམས་བསླབ་དེབ་>>སོགས་བསླབ་དེབ་10ཡོད་ཅིང་། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ནུབ་བྱང་མི་རིགས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་ཆེན་དང་སློབ་གླིང་ལ་མངགས་བཅོལ་བྱས་ཏེ་ཁྲིམས་ལུགས་ཀྱི་བྱང་ཚད་མཐོན་པོ་ལྡན་པ་དང་བོད་རྒྱ་སྐད་ཡིག་གཉིས་ཀ་བྱང་ཆུབ་པའི་མཁས་པ་སྒྲིག་འཛུགས་བྱས་ནས་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་རྩོམ་སྒྱུར་གནང་གྲུབ་ཅིང་། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
    【1】  【2】  【3】
    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།