འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་ལས་བྱེད་པ་234ཡིས་
    ཀྲུང་དབྱང་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་བྱེད་རྒྱུར་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་25ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་བཅས་ཀྱིས་མཉམ་གཉེར་བྱེད་པའི་2015ལོའི་ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་གནས་སྦྱར་སྦྱོང་བརྡར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་གཉེར་འགོ་བརྩམས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་19དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་འགན་འཁྱེར་ལས་བྱེད་པ་234གསོ་སྦྱོང་དུ་ཞུགས་པ་རེད།
         ཉིན་གསུམ་གྱི་གསོ་སྦྱོང་བྱེད་རིང་དུ་འགན་འཁྱེར་ལས་བྱེད་པ་དག་གིས་ཀྲུང་དབྱང་མི་རིགས་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། མིག་སྔའི་དཔལ་འབྱོར་གནས་བབ། མི་རིགས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་སོགས་ཆེད་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་རེད། གསོ་སྦྱོང་འཛིན་གྲྭ་མཇུག་བསྒྲིལ་རྗེས་འགན་འཁྱེར་ལས་བྱེད་པ་དག་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་87དུ་སོང་ནས་ལོ་1རིང་གི་གནས་སྦྱར་སྦྱོང་བརྡར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།