འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང་
    བྱེད་པའི”ལྗང་མདོག་གི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང་
བྱེད་པའི”ལྗང་མདོག་གི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཆ་སྙོམས་ས་བབ་སྨི་3000ལས་བརྒལ་བའི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་1998ལོའི་སྔོན་དུ་རང་བྱུང་ནགས་ཚལ་གཅོད་རྒྱུ་ནི་བདེ་ཆེན་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱ་ཆེད། ཀྲོའུ་དེས་སྣ་མང་ཅན་གྱི་དམངས་སྲོལ་རིག་གནས་ཐོན་ཁུངས་འཕེལ་རྒྱས་ལ་ཤུགས་སྣོན་གཏོང་བ་དང་ཆབས་ཅིག་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་ཡོད། ད་ཆ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ནགས་ཚལ་ཁྱབ་ཚད་73.9%བར་འཕར་ནས་ཡུལ་སྐོར་ལས་རིགས་དེ་ས་གནས་དེ་གའི་ཀ་རྟེན་ཐོན་ལས་སུ་གྱུར་པ་དང་། མིག་སྔར་ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་90ལྷག་ཙམ་ཟིན་ཞིང་། འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་རི་བོའི་སྤང་ལྗོངས་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།