འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་དུས་ཚིགས་ཤར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “2015ལོའི་བདེ་སྐྱིད་ལྡན་པའི་བོད་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན”ཞེས་པའི་ཡུལ་སྐོར་ཚོགས་པའི་མེ་འཁོར་Z264དལ་གྱིས་ལྷ་ས་མེ་འཁོར་བབས་ཚུགས་སུ་འབྱོར་བ་དེ་ཐོག་ནས་2015ལོའི་བོད་ཀྱི་ཡུལ་སྐོར་དུས་ཚིགས་ཤར་བ་མཚོན་ཡོད། 
         “2015ལོའི་བདེ་སྐྱིད་ལྡན་པའི་བོད་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན”ཞེས་པའི་ཡུལ་སྐོར་ཚོགས་པའི་རིམ་སྤེལ་བྱེད་སྒོ་དེ་ཟླ་3ཚེས་19ཉིན་ནས་ཟླ་4ཚེས་4ཉིན་བར་སྤེལ་རྒྱུ་དང་མེ་འཁོར་ཐེངས་5གཏོང་རྒྱུ་དང་འབྲེལ་གཏོང་ཐེངས་རེར་མི་300དབོར་རྒྱུ་ཡིན་པ་རེད། 
         བོད་དུ་ཡོང་ཐེངས་དང་པོ་ཡིན་པ་དང་ལོ་73ལ་སླེབས་པའི་ཀོང་ཏུང་ཧྥོ་ཧྲན་གྱི་ཡུལ་སྐོར་བ་སྐུ་ཞབས་ཀྲའོ་ལགས་ཀྱིས“ལམ་རྒྱུད་ཀྱི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་ལ་གངས་རི་དང་། འབྲི་གཡག གཙོད་བཅས་མཐོང་རྒྱུ་འདུག བོད་ཀྱི་ཡུལ་ལྗོངས་ནང་ས་དང་བསྡུར་ན་ཧ་ཅང་མཛེས་པོ་འདུག ཕྱིས་ཀྱི་ཉིན་དེ་དག་ནང་ཡུལ་ལྗོངས་དེ་དག་ཡག་པོ་ལྟ་རྒྱུ་ཡིན”ཞེས་བཤད། 
         ས་གཞི་ཆེ་མོར་རིམ་གྱིས་དྲོད་སླེབས་པ་དང་བསྟུན་ནས་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་ཀྱང་རིམ་གྱིས་འཕྱུར། ལོ་གཅིག་དུས་གཅིག་གི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ཡང་འཆར་ཉེར་ཡོད་པ་དང་འདི་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས“ཉིང་ཁྲིར་མཉམ་འཛོམས་བྱེད། ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་དཔྱིད་ཀ་འཚོལ”ཞེས་པའི་བརྗོད་དོན་གཙོ་བོ་དེ་ཚེས་30ཉིན་འགོ་ཚུགས་ནས་ཟླ་4ཚེས་20ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་རིང་གཙོ་གཉེར་མཁན་གྱིས་གཟབ་རྒྱས་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་པ་ཕུད་ད་དུང་ཁྲོན་བོད་དང་ཡུན་བོད་སོགས་འགྲིམ་འགྲུལ་ལམ་རྒྱུད་དུ་ཡན་ལག་ཚོགས་ར་དྲུག་འཛུགས་རྒྱུ་དང་ཚོགས་ར་ཚང་མར་ཐུན་མིན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་ཡུལ་ལྗོངས་ཡོད་པ་རེད།
         བོད་དུ་ཕོ་བྲང་པོ་ཏ་ལ་དང་ཇོ་རི་སོགས་རྩེར་སོན་གྱི་ཡུལ་སྐོར་ཐོན་ཁུངས་ཡོད་པ་མ་ཟད། གདོད་མའི་ནགས་ཚལ་དང་། ཆུ་བོ་དང་མཚེའུ། རྩྭ་ཐང་དང་ཐང་རྒོད་སོགས་རང་བྱུང་ཕུན་སུམ་ཚོགས་པོ་ཡོད། ད་ཕན་ལོ་ཤས་ནང་བོད་ཀྱིས“འཛམ་གླིང་གི་ཡུལ་སྐོར་དམིགས་སའི་ཁུལ”གཏོད་རྒྱུར་དམ་པོར་དམིགས་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཡུལ་སྐོར་ཐོན་རྫས་གསར་པ་གསར་སྤེལ་བྱེད་པ། ཕྱི་ཕྱོགས་སུ་བོད་ཀྱི་ཡུལ་སྐོར་འོས་སྦྱོར་ཧུར་ཐག་བཅས་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།