འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་ལོ་15ཡི་རིན་མེད་སློབ་གསོ་ཁྱབ་གདལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སློབ་དུས་གསར་པ་འགོ་ཚུགས་པ་ནས་བཟུང་དཀར་མཛེས་ཀྲོའུ་རུ་སློབ་ཞུགས་གོང་གི་སློབ་གསོར་རིན་མི་དགོས་པའི་རྨང་གཞིའི་ཐོག་མཐོ་རིམ་སློབ་འབྲིང་གི་རིན་མེད་སློབ་གསོའི་འཆར་གཞི་དངོས་སུ་ལག་ལེན་བསྟར་འགོ་བཙུགས་པ་རེད། དེ་གོང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རུ་2013ལོར་ལོ་15ཡི་རིན་མེད་སློབ་གསོ་དང་ཐོག་ཁྱབ་གདལ་བཏང་ཡོད་པ་རེད།
         དུས་ཡུན་རིང་པོའི་ནང་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཉེ་བའི་ལོ་ཤས་རིང་དཔལ་འབྱོར་ཉམས་དམས་སུ་འགྲོ་བའི་གནོན་ཤུགས་ཧ་ཅང་ཆེན་པོ་ཞིག་འཕྲད་ནའང་སི་ཁྲོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་དམངས་འཚོར་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་དང་སློབ་གསོའི་གཏོང་ཆ་ནི་དེའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད།
         སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཚའེ་ཚུན་མིང་གིས་ས་གནས་དེ་གའི་སློབ་གསོའི“མི་འདང་བའི་ཆ”ཁ་སྐོང་བྱ་ཆེད་2013ལོ་ནས་བཟུང་ཞིང་ཆེན་གྱིས་སྲིད་གཞུང་བརྒྱུད“འགྲོ་སོང”གཏོང་རྒྱུའི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོ་དང་། མཐོ་རིམ་སློབ་གསོ། འབྲིང་རིམ་ཆེད་ལས་སློབ་གསོ་བཅས་ཀྱི་རིན་མེད་འཆར་གཞི་ལག་ལེན་བསྟར་ནས་བོད་རིགས་ས་ཁུལ་གྱི་ཕྲུ་གྲུ་ཚོ་སློབ་སྦྱོང་བྱ་རྒྱུ་ཡོད་པ་དང་སློབ་གྲྭར་འགྲོ་རྒྱུ་ཡོང་བ་བྱས་ཡོད་ཅེས་བཤད་བྱུང་།
         དཀར་མཛེས་ཀྲོའུ་བྲག་འགོ་རྫོང་སྲིན་མོ་ཤང་གི་བོད་རིགས་རྒན་མོ་བདེ་སྐྱིད་ཀྱི་ཚ་མོ་ཤང་བུ་བཅོལ་ཁང་གི་འབྲིང་རིམ་འཛིན་གྲྭར་འགྲོ་གི་ཡོད། ཁོང་གིས“དེ་སྔོན་ཤང་དུ་བུ་བཅོལ་ཁང་མེད་པས་ཕྲུ་གུ་ཚང་མ་ནང་དུ་ཉར་གྱི་ཡོད། སྐབས་དེ་དུས་ཕྲུ་གུ་ཚོ་གང་སར་རྒྱུག་འགྲོ་གི་འདུག ད་ཆ་དེང་རབས་ཀྱི་སློབ་གྲྭ་མཛེས་པོ་དེ་འདྲ་ཞིག་བརྒྱབ་ལ་སློབ་ཡོན་ཡང་སྤྲོད་མི་དགོས་པ་ནི་དེ་སྔོན་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད”ཅེས་བཤད་བྱུང་།
         ན་ནིང་དགུན་ཁ་གསར་འགོད་པ་དར་མདོ་རྫོང་རྒྱ་རྒན་སློབ་ཆུང་དུ་བཅར་འདྲིར་སྐྱོད་སྐབས་ཞའོ་ཀྲང་ཡན་ཞའོ་ཁུན་གྱི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་མཐོང་བྱུང་། གནས་ཚུལ་དེ་ཞིབ་པར་བརྗོད་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3100ཡི་སར་ཡོད་པའི་སློབ་གྲྭ་དེར་གནམ་གཤིས་གྲང་ཤོས་ཀྱི་དུས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་22ཟིན་པ་དང་སློབ་ཕྲུག་800ཡི་མེ་སྲོའི་གནད་དོན་དེ་ད་བར་དུ་ཞའོ་ཀྲང་ཁོང་གི“སེམས་ནད”ཅིག་ཏུ་གྱུར་ཡོད། ན་ནིང་སི་ཁྲོན་ཞིང་ཆེན་གྱིས་དམངས་འཚོའི་བྱ་བ་དངོས་19བསྒྲུབ་རྒྱུ་ཁྱབ་བསྒྲགས་བྱས་པའི་ནང་བོད་རིགས་ས་ཁུལ་གྱི་ཕྲུ་གུ་ཁྲི་30ཙམ་ལ་མི་རེར་མེ་སྲོའི་ཁ་གསབ་རོགས་དངུལ་སྒོར་200སྤྲོད་རྒྱུ་སོགས་ཚུད་པ་དེ་རེད།
         “རིན་མེད་སློབ་གསོ་ཁྱབ་གདལ་བཏང་བ་ལས་ས་གནས་དེ་གའི་མི་སེར་གྱི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་དེ་ཁྱིམ་བདག་ཚོའི་རང་འགུལ་གདམ་ག་ཞིག་ཏུ་གྱུར་ཡོད”དཀར་མཛེས་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དགའ་རོང་གཡུང་དྲུང་གིས་རིན་མེད་སློབ་གསོ་ལག་ལེན་བསྟར་རྗེས་ད་ཆ་ཀྲོའུ་ཡི་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གྲྭ་ཚང་མར་སློབ་ཕྲུག་གིས་ཁེངས་ཡོད་ཅེས་བཤད་བྱུང་།
         ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱིས་རིན་མེད་སློབ་གསོ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་དེང་རབས་རྒྱང་ཁྲིད་སློབ་གསོའི་ཚོད་ལྟའི་ས་ཚིགས་མགྱོགས་ནས་མྱུར་དུ་འཛུགས་པ་དང་། བོད་རིགས་ས་ཁུལ་གྱི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནང་སའི་ཕུལ་བྱུང་དགེ་རྒན་སློབ་གསོ་རོགས་སྐྱོར་དུ་གདན་འདྲེན་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་བོད་རིགས་ས་ཁུལ་གྱི་ཁྱོན་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།