འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་2015ལོའི"རྒྱལ་སྤྱིའི་ནགས་ཚལ་ཉིན་མོར"ཤིང་འཛུགས་བྱས་ནས་
    དྲན་གསོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་ནི“རྒྱལ་སྤྱིའི་ནགས་ཚལ་ཉིན་མོ”ཡིན་པས་ཚེས་19ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྔོ་ལྗང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་པེ་ཅིང་གྲོང་ཁྱེར་ཏ་ཤིན་ཁུལ་ཡུས་ཧྥ་གྲོང་རྡལ་དུ“རྒྱལ་སྤྱིའི་ནགས་ཚལ་ཉིན་མོར”ཤིང་འཛུགས་བྱས་ནས་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་བཅག་ནས་སྔོ་ལྗང་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ”དེ་ཡིན་པ་རེད། ད་རེས་ཤིང་འཛུགས་དྲན་གསོའི་བྱེད་སྒོའི་ནང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། རྒྱལ་སྤྱིའི་སྦ་སྨྱུག་རྩ་འཛུགས་ཀྱི་འཐུས་མི། ཕེ་རུ་དང་ཁ་ན་ཏ་སོགས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་འཐུས་མི། རྒྱལ་ཁབ་དང་པེ་ཅིང་གྲོང་ཁྱེར། ཏ་ཤིན་ཁུལ་འབྲེལ་ཡོད་སྡེ་ཚན་གྱི་ལས་བཟོ་དང་མང་ཚོགས་ཀྱི་འཐུས་མི་བཅས་མི་གྲངས་300ལ་ཉེ་བ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།