འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འགྲོ་འོང་བྱེད་མཁན་འགྲུལ་སྐྱེལ་མེ་འཁོར་གྱི་མྱུར་ཚད་སླར་ཡང་
    མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་3ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་12ནས་བཟུང་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་དུམ་བུའི་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་140བར་མཐོ་རུ་བཏང་བས་བོད་ལྗོངས་ནས་འགྲོ་འོང་བྱེད་མཁན་འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་དུས་ཚོད་ཆུ་ཚོད་1དང་སྐར་མ་20བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་འཆར་འགོད་སྐྱེལ་འདྲེན་བྱེད་ནུས་དེ་ཉིན་རེར་མེ་འཁོར་ཆ་20ཡིན་ཞིང་། ལོ་རེར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་5000ཟིན་པ། མྱུར་ཚད་མཐོ་རུ་མ་བཏང་གོང་འགྲུལ་སྐྱེལ་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་120ཡིན་པ་བཅས་རེད། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་དུམ་བུའི་མེ་འཁོར་མྱུར་ཚད་མཐོ་རུ་བཏང་བ་དང་། དེ་བཞིན་མི་རིང་བའི་གོང“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་གྲས་ཨང་དང་པོ”ཞེས་འབོད་པའི་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་ལམ་རྒྱུད་གཉིས་པའི་ཀོན་ཅའོ་གསར་པའི་ཕུག་ལམ་ཤར་གཏོང་ལས་གཉེར་བྱེད་འགོ་ཚུགས་པའི་དབང་གིས་བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་སྐྱེལ་མེ་འཁོར་དང་གོར་མོར་འབྱོར་ཐོན་གྱི་འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་དུས་ཚོད་ཆུ་ཚོད་1དང་སྐར་མ་20བར་ཐུང་དུ་ཕྱིན་པ་དང་། དེའི་ནང་ལྷ་ས་ནས་ཧྲང་ཧའེ་བར་གྱི་ཐེངས་གྲངས་གསུམ་གྱི་Z166འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་དུས་ཚོད་ཆུ་ཚོད་1དང་སྐར་མ་50བར་ཐུང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།