འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ཀྱི་5570མཐོ་སར་ཡོད་པའི་ཆེས་གཅེས་སུ་འོས་པའི་མི་སྐོར་ཞིག

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།བོད་ལྗོངས་མངའ་རིས་ཀྱི་5570མཐོ་སར་ཡོད་པའི་ཆེས་གཅེས་སུ་འོས་པའི་མི་སྐོར་ཞིག
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་་4500ཡོད་ཅིང་། མི་རྣམས་ཀྱིས་རྒྱུན་དུ་འདི་རུ་འཚོ་གནས་ཐུབ་པ་ཙམ་གྱིས་བྱས་རྗེས་བཞག་པ་ཡིན་ཞེས་བཤད་ཀྱི་ཡོད། 5570མཐོ་ས་ཞེས་པ་ནི་མངའ་རིས་ས་ཁུལ་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ 5570ཡོད་པའི་མིང་མེད་མཐོ་ས་ཞིག་ཡིན་ཞིང་། མཐའ་འཁོར་གྱི་སྤྱི་ལེ་50ཡི་ཁྱོན་དུ་མི་གྲངས་བརྒྱ་ཡང་མི་ལོངས་པའི་གྲོང་ཚོ་ཆུང་ཆུང་གཉིས་མ་གཏོགས་མེད། དུས་ཡུན་རིང་པོར་མཐོ་ས་འདིར་དམག་དཔུང་གི་དཔོན་དམག་མ་གཏོགས་སྡོད་སྲུང་བྱེད་མཁན་མེད་པས་དཔེ་མཚོན་གྱི་མི་མེད་ལུང་སྟོང་རེད།
         མི་མེད་ལུང་སྟོང་འདི་ལྟ་བུར་འཚོ་གནས་ཀྱང་ཧ་ཅང་དཀའ་བ་ཡིན་མོད། འོན་ཀྱང་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་རྣམས་ཀྱིས་ད་དུང་རྒྱུན་པར་དམག་དོན་སྦྱོང་བརྡར་བྱེད་བཞིན་ཡོད། དམག་དོན་སྦྱོང་བརྡར་ལན་རེ་བྱེད་སྐབས་མཚམས་རེར་མྱུར་སྐྱོད་འཇབ་རྒོལ་སྤྱི་ལེ་སྟོང་ཙམ་བསྐྱོད་དགོས་ཤིང་། མཚན་མོའི་གྲང་ཚད་ཐིག་ལེའི་མན་གྱི་ཏུའུ་12ཟིན་གྱི་ཡོད་ཅིང་།  གུར་བརྒྱབ་མི་ཆོག་ལ་མེ་ཡང་བུད་མི་ཆོག་པ་དང་། དཔོན་དམག་རྣམས་བསྟུད་མར་ཉིན་བཅུ་ལྷག་རིང་ཐང་སྡེར་ཞག་སྡོད་བྱེད་དགོས་པ་དང་གདོང་ཡང་བཀྲུ་མི་ཐུབ་ལ། ཁ་ལ་མནན་བཟོས་པིང་ཀན་མ་གཏོགས་ཟ་རྒྱུ་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།