འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱི་ཆུ་སྤུས་ལེགས་སུ་སོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱི་ཆུ་སྤུས་ལེགས་སུ་སོང་བ་སྟེ་སྤྱིར་ན་སྦགས་བཙོག་ཕྲན་བུ་ནས་ལེགས་པར་འགྱུར་ཡོད་པ་རེད། ཁྲུང་ཆིང་གྲོང་ཁྱེར་གྱི་འདམ་ར་སྲུང་སྐྱོང་བྱེད་རྒྱ་ཆེ་རུ་སོང་བ་དང་། སྣོད་བཅུད་སྤུས་ཚད་རིམ་བཞིན་ལེགས་སུ་སོང་བ། ཆུའི་ཁོར་ཡུག་ཡོངས་ཁྱབ་ཏུ་ཡག་པོ་ཡོད་མོད། འོན་ཏེ་འདམ་ར་ཉུང་ཤས་ཀྱི་ཆུར་བཟོ་ལས་དང་འཚོ་བའི་སྤྱོད་ཆུའི་སྦགས་བཙོག་ཕོག་ཡོད་པ་རེད།
         སའི་གོ་ལའི་སྣོད་བཅུད་མ་ལག་ཆེན་པོ་གསུམ་ཞེས་བརྗོད་པའི་འདམ་ར་དང་། ནགས་ཚལ། རྒྱ་མཚོ་བཅས་གསུམ་པོ་ནི་སའི་གོ་ལའི་མཁལ་མ་ལྟ་བུ་རེད། མིག་སྔར་ཁྲུང་ཆིང་གྲོང་ཁྱེར་དུ་འདམ་ར་སྲུང་སྐྱོང་གི་གནས་ཚུལ་ཛ་དྲག་ཅུང་ཆེ་བ་དང་འདམ་རའི་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དབར་གྱི་འགལ་བ་མངོན་གསལ་ཧ་ཅང་དོད་པོ་ཡོད། ནགས་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདམ་ར་གསར་སྤེལ་བེད་སྤྱོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་དང་། འདམ་ར་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་སྤྱོད་རྒྱུའི་འབྲེལ་ཡོད་སྲིད་ཇུས་བཟོ་རྒྱུ། འདམ་ར་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་བྱེད་སྟངས་ནུས་ལྡན་ཕྱོགས་སྡོམ་དང་འཚོལ་ཞིབ་བྱ་རྒྱུ་ཡིན། དུས་མཚུངས་སུ་འདམ་རའི་ལས་དོན་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྲིད་སྐྱོང་བྱས་རྗེས་ཞིབ་དཔྱད་བྱེད་པའི་ནང་འཇུག་རྒྱུ་ཡིན། གཞན་ཡང་ཁྲུང་ཆིང་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་གི་དམར་ཐིག་བརྒྱབ་པ་སྟེ། 020སླེབས་སྐབས་ཁྲུང་ཆིང་གི་འདམ་རའི་རྒྱ་ཁྱོན་མུའུ་ཁྲི་310ལས་ཆེ་བ་བཟོ་རྒྱུ་ཡིན། མིག་སྔར་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས<<ཁྲུང་ཆིང་གྲོང་ཁྱེར་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག>>དེ་2014ལོ་ནས་2017ལོ་བར་གྱི་ཁྲིམས་འཛུགས་འཆར་གཞིའི་ནང་བཀོད་ཡོད་ལ་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་ལས་ཁང་གིས་ཀྱང་འདམ་རའི་ཁྲིམས་འཛུགས་དེ་འདི་ལོའི་ཁྲིམས་འཛུགས་འཆར་གཞིའི་ནང་བཀོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།