འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་དུ་རྨང་གཞིའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ལ་ལངས་གཟུགས་
    ཅན་གྱི་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སློབ་དུས་གསར་པ་ཚུགས་པ་དང་རིང་མིན་གོང་དུ་<<རྨང་གཞིའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>བཏོན་རྗེས་ཧྲན་ཏུང་དུ་ཉེ་ཆར་རྟ་སྒ་ཆ་སྒྲིག་གི་སྒྱུར་བཅོས་ཞིབ་སྲོལ་མང་དག་ཞིག་བཏོན་ནས་རྨང་གཞིའི་སློབ་གསོར་ལངས་གཟུགས་ཅན་གྱི་ཕྱོགས་བསྡུས་སྒྱུར་བཅོས་བྱས་པ་རེད།
         ད་ཐེངས་ཀྱི་ཧྲན་ཏུང་གི་རྨང་གཞིའི་སློབ་གསོའི་སྒྱུར་བཅོས་ཀྱི་ནང་དོན་དུ་སློབ་ཁང་སློབ་ཁྲིད་དང་། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས། སློབ་གསོའི་གདེང་འཇོག་ལམ་ལུགས། སློབ་སྤྱིའི་འགན་རིམ་ལམ་ལུགས། དགེ་རྒན་དོ་དམ་དང་གསོ་སྐྱོང་གསོ་སྦྱོང་། སྤྱི་ཚོགས་སྟོབས་ཤུགས་ཀྱི་སློབ་གཉེར། སྤྱི་ཚོགས་ལྟ་སྐུལ་ནང་ཞུགས་པ་སོགས་ཕྱོགས་བདུན་ཚུད་ཡོད། འདི་ལོའི་ལོ་འགོར་<<རྨང་གཞིའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>པར་འགྲེམས་བྱས་པ་དང་རྟ་སྒ་ཆ་སྒྲིག་གི་སྒྱུར་བཅོས་ཞིབ་སྲོལ་ཁག་21ལས་མིག་སྔར་ཁག་12བཟོས་ཟིན་པ་རེད།
         སྒྱུར་བཅོས་བསམ་འཆར་གཞིར་བཟུང་ཧྲན་ཏུང་གིས་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་བྱེད་ཐབས་འཐུས་ཚང་དུ་བཏང་ནས་རྒྱུགས་ལེན་ཐེངས་མང་བྱ་རྒྱུ་དང་། རྒྱུགས་ལེན་གྱི་སྦྱངས་འབྲས་དེ་རིམ་པ་འགའ་ཞིག་གམ་ཡང་ན་ཚད་ལོན་པ་དང་ཚད་མ་ལོན་པ་ཁག་གཉིས་སུ་དབྱེ་རྒྱུ། རྒྱུགས་ལེན་གོ་སྐབས་ཐེངས་གཉིས་ལས་མི་ཉུང་བ་བྱ་རྒྱུ་བཅས་དང་། སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་ནས་སློབ་གྲྭའི་སློབ་གཉེར་ཆུ་ཚད་དང་། སློབ་སྤྱིའི་སློབ་གཉེར་བྱས་རྗེས། སློབ་མའི་གཟུགས་གཞི་དང་སྦྱོང་ཚན་ཁུར་པོ་སོགས་ཐད་ཕྱོགས་གསུམ་པར་གདེང་འཇོག་བྱ་རྒྱུར་མངག་བཅོལ་བྱ་རྒྱུ། དུས་བཀག་ལྟར་སྤྱི་ཚོགས་ལ་སློབ་གསོའི་སྤུས་ཚད་ཕྱོགས་བསྡུས་གདེང་འཇོག་དང་སློབ་མའི་སྦྱོང་ཚན་ཁུར་པོ་ལྟ་ཞིབ་ཚད་འཇལ་སོགས་ཀྱི་འབྲས་བུ་ཡོངས་བསྒྲགས་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།