འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱི་གཞུང་ལས་པའི་ལས་གནས་ཁག་གཅིག་ལ་མཐོ་རིམ་སློབ་འབྲིང་གི་སློབ་རྒྱུས་
    ལྡན་པ་ཡིག་རྒྱུགས་ནང་ཞུགས་ཆོག་ཅེས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་14ཉིན་2015ལོའི་ཀོང་ཤིས་ཀྱི་རིམ་ཁག་ལས་ཁུངས་ཀྱིས་གཞུང་ལས་པ(བདམས་གཏོང་སློབ་མ)རྒྱུགས་བསྡུའི་སྤྱི་བསྒྲགས་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། འདི་ལོའི་ཀོང་ཤིས་ཀྱི་རིམ་ཁག་ལས་ཁུངས་ཀྱིས་གཞུང་ལས་པའི་ལས་གནས་ཁྲི་1ལས་བརྒལ་བ་བཀོད་སྒྲིག་བྱས་པ་དང་ལས་གནས་ཁག་གཅིག་གི་སློབ་རྒྱུས་ཆ་རྐྱེན་འབྲིང་རིམ་ཆེད་ལས་དང་མཐོ་རིམ་སློབ་འབྲིང་གི་སློབ་རྒྱུས་བར་དམའ་རུ་བཏང་ནས་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་གཞི་རིམ་གཞུང་ལས་པ“བསྡུ་དཀའ་བའི”གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཀོང་ཤིས་ཀྱི་གཞི་རིམ་ལས་གནས་སུ་གཞུང་ལས་པ་བསྡུ་བར་སློབ་རྒྱུས་ཆ་རྐྱེན་དམའ་རུ་གཏོང་བ་དང་། ལོ་ཚད་ལྷུག་ཏུ་གཏོང་བ། སྐར་གྲངས་ལོགས་སུ་དབྱེ་བ། ཤང་གྲོང་གི་ལས་གནས་སུ་ཆེད་ལས་མི་དབྱེ་བ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ་དང་འབྲེལ་རྒྱུགས་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཁྱབ་ཁོངས་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་དང་། གྲངས་ཉུང་མི་རིགས་རང་སྐྱོང་རྫོང་། མི་རིགས་ཤང་བཅས་ནས་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་དུ་ཕོགས་སྣོན་སྲིད་ཇུས་ལག་བསྟར་བྱེད་པའི་རྫོང(གྲོང་ཁྱེར་དང་ཆུས)16བར་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།
         བསྡོམས་རྩིས་ལ་གཞིགས་ན། ཀོང་ཤིས་ཡོངས་ཀྱི་རྫོང་རིམ་པ་མན་གྱི་ལས་ཁུངས་སུ་མི་གྲངས་7300ལྷག་ཙམ་བསྡུས་རྩིས་ཡོད་པ་དེས་བསྡུ་སྤྱོད་འཆར་གཞིའི་སྤྱི་འབོར་གྱི་78%བཟུང་ཡོད་པ་རེད། ཀོང་ཤིས་ཡོངས་སུ་ཆེད་ལས་ཀྱི་ཚད་བཀག་མེད་པའི་ལས་གནས་2600ལྷག་ཙམ་ཡོད་པ་དེས་རྒྱུགས་བསྡུའི་ལས་གནས་སྤྱི་འབོར་གྱི་34%ཟིན་ཡོད་པ་དེ་ན་ནིང་ལས་བརྒྱ་ཆའི་གྲངས་5ཡི་མཐོ་བ་ཡོད་པ་དང་གཞན་ཡང་སློབ་རྒྱུས་ཆ་རྐྱེན་འབྲིང་རིམ་ཆེད་ལས་དང་མཐོ་རིམ་སློབ་འབྲིང་བར་དམའ་རུ་གཏོང་རྒྱུ་དང་ཐོ་འགོད་ལོ་གྲངས་དེ་ལོ་40བར་ལྷུག་ཏུ་གཏོང་བའི་རྒྱུགས་བསྡུའི་ལས་གནས་ཀྱང་ན་ནིང་ལས་མང་བ་ཡོད་པ་རེད། གཞི་རིམ་ལས་ཁུངས་ཀྱི་གཞུང་ལས་པའི་དཔུང་ཁག་བལྟོས་བཅས་ཀྱིས་བརྟན་དུ་གཏོང་རྒྱུའི་འགན་ལེན་བྱ་ཆེད། ཤང་གྲོང་ལས་ཁུངས་ཀྱིས་བསྡུར་གྲངས་ངེས་ཅན་གྱི་ལས་གནས་མཁོ་འདོན་བྱས་ནས་ས་གནས་དེ་གའི་མིས་རྒྱུགས་བསྡུའི་མིང་ཐོ་འགོད་རྒྱུར་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད། གྲོང་ཁྱེར་ཁག་གཅིག་གིས་བསྡུ་སྤྱོད་འཆར་གཞིའི་ནང་གསར་དུ་བསྡུ་སྤྱོད་བྱེད་པའི་ཤང་གྲོང་གཞུང་ལས་པས་ཤང་གྲོང་ལས་ཁུངས་སུ་ཉུང་མཐར་ཡང་ལོ་ལྔ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།