འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་ས་ཁོངས་རིམ་པའི་བྱང་སྐར་སྤུན་བདུན་གྱི་ས་ངོས་ཀྱི་ནུས་པ་ཆེར་
    གཏོང་མ་ལག་ཐོག་མ་དེ་མཚོ་སྔོན་དུ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ཚད་འཇལ་རིས་འབྲི་ཁང་དང་པོ་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ས་མཐོའི་ས་ཁོངས་རིམ་པའི་བྱང་སྐར་སྤུན་བདུན་གྱི་ས་ངོས་ཀྱི་ནུས་པ་ཆེར་གཏོང་མ་ལག་ཐོག་མ་དེ་མཚོ་སྔོན་ཟི་ལིང་དང་མཚོ་ཤར་ས་ཆ་གཉིས་སུ་འཛུགས་རྒྱུ་ཡིན་པ་རེད།
         བྱང་སྐར་སྤུན་བདུན་ཕྱོགས་སྟོན་མ་ལག་ནི་རང་རྒྱལ་གྱིས་རང་བདག་འཛུགས་སྐྲུན་དང་རང་བདག་ངང་འཁོར་རྒྱུག་བྱེད་པ་དང་འབྲེལ་འཛམ་གླིང་གི་སྲུང་སྐར་ཕྱོགས་སྟོན་གྱི་མ་ལག་གཞན་དག་དང་མཐུན་སྦྱོར་ཐུབ་པའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཅིག་རེད། བྱང་སྐར་སྤུན་བདུན་སྲུང་སྐར་ལ་ས་ངོས་ཀྱི་ནུས་པ་ཆེར་གཏོང་མ་ལག་གི་གཞོགས་འདེགས་ཡོད་སྟབས“ལྷ་ཡི་སྤྱན”ལ་རྒྱང་ཤེལ་བསྒར་བ་ལྟར་དམིགས་ས་དེ་བས་མགྱོགས་མྱུར་དང་འཕྱུགས་མེད་ངང་འཚོལ་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ས་ཁུལ་དུ་བྱང་སྐར་སྤུན་བདུན་གྱི་ས་ངོས་ཀྱི་ནུས་པ་ཆེར་གཏོང་མ་ལག་བསྐྲུན་ནས་ད་ཡོད་ཀྱི་ཚད་འཇལ་རིས་འབྲིའི་མ་ལག་ཐད་GPSཁོ་ནར་བརྟེན་པའི་སྐྱོན་ཆ་བསལ་ནས་ཚད་འཇལ་རིས་འབྲིའི་གཞི་འཛིན་སའི་མ་ལག་གི་འཐུས་ཚང་རང་བཞིན་དང་ཞབས་ཞུའི་ནུས་པ་མཐོ་རུ་དང་བར་སྣང་གི་གཞི་འཛིན་སའི་རང་བདག་རང་བཞིན་དང་བདེ་འཇགས་རང་བཞིན་ཤུགས་ཆེར་བཏང་ཐོག་རྨང་གཞིའི་ཚད་འཇལ་རིས་འབྲིའི་ལས་འགན་མགྱོགས་མྱུར་གསར་བརྗེ་བྱེད་པའི་འགན་ལེན་ཐུབ་རྒྱུ་རེད།
         འབྲེལ་ཡོད་འགན་འཁུར་བས་ས་ཁོངས་རིམ་པའི་བྱང་སྐར་སྤུན་བདུན་གྱི་ས་ངོས་ཀྱི་ནུས་པ་ཆེར་གཏོང་མ་ལག་དེ་མཚོ་བོད་ས་མཐོའི་ཐོག་གི་ཐོག་མ་ཡིན་པ་དང་དེ་བསྐྲུན་རྗེས་རྒྱལ་ཁབ་ས་ཆ་དང་། སྡོད་ཁང་འཛུགས་སྐྲུན། ཆུའི་ལས་དོན། གློག་ཤུགས། ཟོག་འགྲེམས་སོགས་ཁྱབ་ཁོངས་ཁག་གི་བཀོལ་སྤྱོད་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་ཐོག་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། རྒྱལ་སྲུང་འཛུགས་སྐྲུན། སྤྱི་ཚོགས་འཕེལ་རྒྱས། ཚན་རིག་ཞིབ་འཇུག་སོགས་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།