འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྤྱི་བདེ་མཐའ་སྲུང་དཔུང་སྡེའི“གངས་རྒོད་བུད་མེད་དམིགས་བསལ་ལས་
    སྒྲུབ་ཡན་ལག་རུ་ཁག”ཐོག་མ་དེ་ཤིན་ཅང་དུ་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་སྤྱི་བདེ་མཐའ་སྲུང་དཔུང་སྡེའི“གངས་རྒོད་བུད་མེད་དམིགས་བསལ་ལས་
སྒྲུབ་ཡན་ལག་རུ་ཁག”ཐོག་མ་དེ་ཤིན་ཅང་དུ་དངོས་སུ་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་ཤིན་ཅང་སྤྱི་བདེ་མཐའ་སྲུང་རུ་ཆེན་གྱི“གངས་རྒོད་བུད་མེད་དམིགས་བསལ་ལས་སྒྲུབ་ཡན་ལག་རུ་ཁག”དངོས་སུ་བཙུགས་པ་དང་། “གངས་རྒོད་བུད་མེད་དམིགས་བསལ་ལས་སྒྲུབ་ཡན་ལག་རུ་ཁག”དེ་ནི་སྔོན་མ་ཤིན་ཅང་སྤྱི་བདེ་མཐའ་སྲུང་རུ་ཆེན་བུད་མེད་དམིགས་བསལ་ལས་སྒྲུབ་ཡན་ལག་རུ་ཁག་ཅེས་པ་དེ་ཡིན་པ་དང་། 2012ལོའི་ཟླ་4པར་འཛུགས་སྐབས་མི་6ལས་མེད་པ་ནས་ད་ཆ་མི་34བར་མང་དུ་ཕྱིན་ཡོད། ལོ་3རིང་བུད་མེད་རུ་མི་ཚོས་ཐོག་མཐའ་བར་གསུམ་དུ“ཤིན་ཅང་ལ་དགའ་ཞེན་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་། བློ་བརྟན་འགྱུར་མེད་ངང་འགན་འཁྲི་ཁུར་ཕོད་པ། དམག་ཧྲག་ནན་པོ་སྐྱོང་བ། དམག་རྒྱག་ནུས་པ་དང་འཐབ་ན་རྒྱལ་ཐུབ་པ”བཅས་ཀྱི་ཤིན་ཅང་སྤྱི་བདེ་མཐའ་སྲུང་གི་སྙིང་སྟོབས་ལག་ལེན་བསྟར་ཏེ་ཤིན་ཅང་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ཆེད་མངོན་གསལ་དོད་པོའི་ལེགས་སྐྱེས་ཕུལ་བས་ད་ཆ་ཤིན་ཅང་སྤྱི་བདེ་མཐའ་སྲུང་རུ་ཆེན་གྱི་མཚོན་བྱེད་ཅིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།