འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་དགའ་ལྡན་སུམ་རྩེན་གླིང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་དགའ་ལྡན་སུམ་རྩེན་གླིང་།
         མི་དམངས་དྲ་བའི་འཕྲིན། དགའ་ལྡན་སུམ་རྩེན་གླིང་ནི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་ཆགས་ཡོད་ཅིང་། དེ་ནི་ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་ཡིན། དགོན་པ་དེ་1679ལོར་ཕྱག་བཏབ་པ་དང་། མིག་སྔར་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་བཅུག་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་དགའ་ལྡན་སུམ་རྩེན་གླིང་ཉམས་གསོ་བྱས་ཏེ་འདུ་ཁང་དང་། ཐང་ཆེན། འགྲོ་འོང་ལམ་སོགས་གསར་སྐྲུན་བྱས་ཤིང་། ད་ཆ་དགོན་སྡེ་དེ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ལྟ་སྐོར་བྱ་ཡུལ། བོད་བརྒྱུད་ནང་བསྟན་གྱི་རིག་གནས་མངོན་པའི་མཛེས་ལྗོངས་ཁུལ་བཅས་ཡིན་པ་རེད།
    ༄༅།།ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་དགའ་ལྡན་སུམ་རྩེན་གླིང་།
      

    ཕྱོགས་བསྡུས་གསར་འགྱུར།