འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་
    ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི“བུད་མེད་མཛེས་ཤོས”10ཡི་སྔོན་ཐོན་
    མཛད་རྗེས་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་10ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་8ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་པས་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་དྲ་རྒྱའི་བརྙན་འཕྲིན་འཕྲིན་ལམ་བརྒྱུད་དེ་སྤྱི་ཚོགས་ཡོངས་ལ་ལི་ཡོན་མེ་སོགས་རྒྱལ་ཡོངས་ཀྱི“བུད་མེད་མཛེས་ཤོས”10ཡི་སྔོན་ཐོན་མཛད་རྗེས་ཡོངས་བསྒྲགས་བྱས་པ་རེད།
         ལི་ཡན་མེ་དང་། ལེའང་ཕང་། ཏུང་མིང་ཀྲུའུ། ཝང་ཀུའེ་ཡུན། ཝང་ཧོན་རུང་། ཆིང་ཁའེ་མའེ། ཝང་ལི་ཕིང་། ཀྲང་ཅིན་ཡོན། ཚེ་རིང་སྒྲོལ་དཀར། ལེའུ་ཆིང་ཅུས་བཅས་མི་རིགས་མི་འདྲ་བ་དང་། ས་ཁུལ་མི་འདྲ་བ། ལས་རིགས་མི་འདྲ་བ་བཅས་ཀྱི་ཕུལ་བྱུང་བུད་མེད་10ཡིས་རང་ཉིད་ཀྱི་ལས་གནས་ཐོག་གསར་འབྱེད་ཡར་བརྩོན་དང་། ལེགས་སྐྱེས་ཧུར་ཐག་འབུལ་བ། དཀའ་ངལ་ལ་མི་སྐྲག་པ། ཕུལ་བྱུང་བརྩོན་ལེན་བཅས་བྱས་ནས་སྤྱིར་བཏང་མིན་པའི་མཛད་རྗེས་བཏོད་པ་དང་དུས་རབས་གསར་པའི་བུད་མེད་ཀྱི་གཟི་བརྗིད་བཏོད་ཡོད། ཁོང་ཚོའི་ཐོག་ནས་དེང་རབས་ཀྱི་ཀྲུང་གོའི་བུད་མེད་ཀྱི་རང་གིས་རང་ལ་བཀུར་བ་དང་། རང་གིས་རང་ལ་ཡིད་ཆེས། རང་རྐྱ་འཕེར་བ། རང་འབད་བཅས་ཀྱི་ཕུལ་བྱུང་གི་གཤིས་བཟང་གང་ལེགས་མཚོན་ཡོད་པས་ཁོང་ཚོ་ནི་ངོ་གནོང་མི་དགོས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དང་སྤྱོད་བཟང་རྒྱུན་འཛིན་བྱེད་མཁན་གྱི་དཔེ་མཚོན་རེད་ལ་ངོ་གནོང་མི་དགོས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་གྱི་མིག་དཔེ་ཡང་རེད།
         ཁྱབ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་ཁོང་ཚོའི་མཛད་རྗེས་མཚོན་པའི་གློག་བརྙན་ཐུང་གྲས་བསྟན་པ་དང་འབྲེལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་མིག་དཔེ་ཀྲན་ཧུང་ལིས་རྒྱལ་ཡོངས་ཀྱི “བུད་མེད་མཛེས་ཤོས”ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་ཡང་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།