འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལོ་གསར་སྐབས་ཀུན་བདེ་གླིང་གི་དགེ་འདུན་ཚོས་རྡོ་རྗེའི་དཀྱིལ་འཁོར་བཞེངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་01ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་ལོ་གསར་སྐབས་ཀུན་བདེ་གླིང་གི་དགེ་འདུན་ཚོས་རྡོ་རྗེའི་དཀྱིལ་འཁོར་བཞེངས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷ་སར་ཆགས་ཡོད་པའི་དགེ་ལུགས་པའི་དགོན་སྡེ་ཀུན་བདེ་གླིང་ལ་བོད་ཀྱི་ལོ་གསར་ཀྱི་ཚེས་གསུམ་ཉིན་ནས་བཟུང་། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བཞེངས་པའི་སྲོལ་རྒྱུན་གྱི་ཆོ་ག་ཞིག་ཡོད་པ་དང་། འདི་ལོར་ཡང་དགེ་འདུན་ཚོས་ལོ་གསར་གྱི་ཚེས་པ་གསུམ་ནས་བཟུང་དཀྱིལ་འཁོར་བཞེངས་འགོ་བརྩམས་ཤིང་། ཉིན་ལྔའི་རིང་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དེ་ཉིད་བཞེངས་ནས་ལེགས་འགྲུབ་བྱུང་བ་རེད། དཀྱིལ་འཁོར་དེ་ནི་ཀུན་བདེ་གླིང་གི་རྡོ་རྗེ་དཀྱིལ་འཁོར་རིགས་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། སྲོལ་ལུགས་ལྟར་ན་ལོ་རེའི་ལོ་གསར་གྱི་སྐབས་བཞེངས་པ་དང་། དེ་རྗེས་ཀྱི་ཉིན་བདུན་རིང་ལ་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།བོད་ཀྱི་ལོ་གསར་སྐབས་ཀུན་བདེ་གླིང་གི་དགེ་འདུན་ཚོས་རྡོ་རྗེའི་དཀྱིལ་འཁོར་བཞེངས་པ།
      

    ཕྱོགས་བསྡུས་གསར་འགྱུར།