འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་རུ་འདི་ལོ་འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་ཐག་16བསྐྲུན་ནས་
    ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་
    འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་<<ན་སུའུ་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་གྱི་སྤྱི་ཡོངས་འཆར་འགོད་>>ལག་བསྟར་བྱེད་མཇུག་འགྲིལ་བའི་ལོ་ཡིན་ཞིང་། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་འཐུས་མི་ལིའུ་ཝེ་ཕིང་གིས་འདི་ལོ་ཀན་སུའུ་ཡིས་འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་ཐག་16བསྐྲུན་ནས་རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་གྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
         2010ལོའི་ལོ་མཇུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<ཀན་སུའུ་ཞིང་ཆེན་གྱི་འཁོར་སྐྱོད་དཔལ་འབྱོར་གྱི་སྤྱི་ཡོངས་འཆར་འགོད་>>ལ་ཆོག་མཆན་བཀོད་པའི་ནང་2015ལོར་སླེབས་སྐབས་ཀན་སུའུ་ཞིང་ཆེན་དེ་ཉིད་རྒྱལ་ཁབ་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་སུ“ལན་པེ”དང་། ཕི“ང་ཆིན” “ཅིན་ཁྲང”  “ཅིའུ་ཅ” “ཀྲང་ཝུའུ་ཏིང”སོགས་སོ་སོའི་ཁྱད་ཆོས་ལྡན་པའི་འཁོར་སྐྱོད་དཔལ་འབྱོར་རྟེན་གཞི་7འཛུགས་རྒྱུ་དང་། འཁོར་སྐྱོད་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་སྦྲེལ་ཐག་16བསྐྲུན་དགོས་ཞེས་བཀོད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཀན་སུའུ་ཡིས་སྐྲུན་ཟིན་པའི་ཅིན་ཁྲང་རྟེན་གཞི་སྲ་བརྟན་ལེགས་གཏོང་བྱེད་པའི་ཁར་རྟེན་གཞི་གཞན་དག་6བསྐྲུན་རྒྱུ་དང་། བསྐྲུན་ཟིན་པའི་ཐོན་ལས་སྦྲེལ་ཐག་11འཐུས་ཚང་མཐོར་གཏོང་བྱས་པའི་རྨང་གཞིའི་ཐོག་ཐོན་ལས་སྦྲེལ་ཐག་གཞན་དག་ལྔ་བསྐྲུན་རྒྱུ།འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ལས་གྲྭ་འཛུགས་སྐྲུན་དམ་འཛིན་བྱས་ནས་ཐོན་ཁུངས་ཐོན་སྐྱེད་དང་། ཐོན་ཁུངས་ཟད་གྲོན། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད།བེད་མེད་དངོས་རྫས་འབུད་གཏོང་སོགས་ཐད་ཀྱི་དམིགས་ཚད་གཅུན་སྡོམ་ཤུགས་ཆེར་གཏོང་རྒྱུ། ཐོན་ལས་སྦྲེལ་ཐག་གི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་སྦྲེལ་ཐག་སྲིང་གསབ་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་སྲོལ་རྒྱུན་ཐོན་ལས་དེ་ཉིད་སྨད་རྒྱུད་མཐའ་སྣེའི་ཐོན་རྫས་ཕྱོགས་སུ་མགྱོགས་མྱུར་རྒྱུན་སྲིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།
         དེ་དང་ཆབས་ཅིག་ཀན་སུའུ་ཡིས་ཞིང་ཆེན་རིམ་པ་ཡན་གྱི་གླིང་ཁུལ་འཁོར་སྐྱོད་ཅན་སྒྱུར་བཅོས་ལས་འགན་35ཁྱོན་ཡོངས་ནས་ལེགས་སྒྲུབ་དང་། སྲིད་ཇུས་ཀྱིས་སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན། གླིང་ཁུལ་ཐོན་ལས་འགྲེམ་ཚུལ་ལེགས་གཏོང་བཅས་བྱས་ཏེ་ཐོན་ལས་སྦྲེལ་ཐག་རྒྱུན་སྲིང་ཟུང་སྦྱོར་དང་། ནུས་རྒྱུ་ཐོན་ཁུངས་བེད་སྤྱོད་ནུས་ཆེ། བེད་མེད་དངོས་རྫས་བཙོག་འབུད་གཅིག་ཀྱང་མི་བྱེད་པ་བཅས་བྱེད་རྒྱུར་སྐུལ་འདེད་བཏང་ནས་གླིང་ཁུལ་་གྱི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད། དཔེ་སྟོན་ཁེ་ལས་100གསོ་སྐྱོང་ལས་འགན་ལེགས་སྒྲུབ་བྱས་ནས་ཁེ་ལས་ཁག་གཅིག་རྒྱལ་ཁབ་དཔེ་སྟོན་ཁེ་ལས་ཀྱི་གྲས་སུ་ཚུད་ཐབས་བྱེད་རྒྱུ། ནུས་རྒྱུ་བསྲི་ཚགས་གཙོ་གནད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་མེ་ཤུགས་གློག་འདོན་དང་། ཨར་འདམ། ངར་ལྕགས། རྡོ་སྣུམ་རྫས་འགྱུར་བཟོ་ལས་སོགས་གཙོ་གནད་ལས་རིགས་ཀྱི་བཙོག་འབུད་ཉུང་གཏོང་ལས་གྲྭ་སྐྲུན་མགྱོགས་སུ་གཏོང་རྒྱུ། བཟོ་ལས་གཙོ་གནད་ཆུ་འབྲེལ་ལས་རིགས་ཀྱི་བཙོག་འབུད་ཉུང་གཏོང་དང་ཕྱུགས་རིགས་བྱ་རིགས་གསོ་ཚགས་ལ་མཁོ་བའི་སྐྱེ་ལྡན་ལུད་ལས་སྣོན་གྱི་བཙོག་འབུད་ཉུང་གཏོང་ལས་གྲྭ་སྐྲུན་མགྱོགས་སུ་གཏོང་རྒྱུ། བཙོག་འབུད་ཆོག་འཐུས་དོ་དམ་དང་བཟོ་ལས་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་ཚད་ལྡན་ཅན་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་བཙོག་འབུད་སྤྱི་འབོར་ཚོད་འཛིན་དང་འབོར་ཚད་གཏན་འཁེལ་ཅན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།