འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ས་མཐོའི་ལག་ལེན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 17:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་གི་ཚོགས་འདུ་གཉིས་ཀྱི་ཐོག་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་གྱི་ལྡོག་མེད་ལམ་བུ་ཞིག་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཆ་མེད་པ་བཟོ་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན་ཡོད།
         ལོ་གཉིས་བསྟུད་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གཙོ་གནད་ཐོག་གླེང་ཡོད། བོད་དུ་དོན་འཁྱོལ་བྱས་ཚུན། གང་འདྲ་བྱས་ཏེ་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་མིན་ཐད། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་དོ་ཁུར་ཟབ་མོ་གནང་གི་ཡོད།
         “དོན་ཆེན་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཐག་གཅོད་བྱ་རྒྱུ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དང་འབྲེལ་བ་ཡོད་ལ། དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཡང་དེ་བས་འབྲེལ་བ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་ཙུང་ལིའི་སྙན་སྒྲོན་ནང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གནང་ཡོད་པས་བོད་ཀྱི་འཕེལ་རྒྱས་ལ་གོ་སྐབས་དེ་བས་ཆེ་བ་ཐོབ་ཡོད”སྙན་སྒྲོན་ནང་འགྲོ་འོང་དེ་བས་སྟབས་བདེ་དང་སྡོད་གནས་ཀྱི་ཁོར་ཡུག་དེ་བས་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སེམས་ནང་ཟུག་ཡོད་ཅེས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་དེ་ལྟར་གསུངས།
         གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ན་ནིང་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་ཚོགས་འདུ་འཚོགས་ནས་མི་རྩ་བར་འཛིན་པ་དང་། གྲུབ་ཚུལ་ལེགས་སྒྲིག སྣོད་བཅུད་ཤེས་དཔལ། རིག་གནས་རྒྱུན་འཛིན། ཐོན་ལས་འདེགས་སྐྱོར་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ནས་ལམ་རྒྱུད་དང་། མཐའ་རྒྱུད། གཙང་རྒྱུད་བཅས་སུ་ཁྱད་ལྡན་གྱི་ཚོང་འདུས་གྲོང་སྡེ་ཁག་གཅིག་བསྐྲུན་དགོས་ཞེས་བསྟན་པ་དང་། ཆབས་ཅིག་འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད། རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་སྡོད་གནས་བྱ་རྒྱུར་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་དང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ། བདེ་སྐྱིད་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་བཅས་ཧུར་ཐག་བསྐྲུན་རྒྱུ་ཡིན་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་དབང་འདུས་ཀྱིས“ཉིང་ཁྲི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་པའི་གོམ་སྟབས་བོད་ཀྱི་མདུན་གྲལ་དུ་བསྐྱོད་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད”ཅེས་གསུངས་པ་དང་། ཁོང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་པ་དང་། ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་ཅན་ཆུ་ཚད་ཀྱི་དཀའ་ངལ་དང་གནད་དོན་གཙོ་བོ་ཡང་ངོས་འཛིན་གསལ་པོ་ཐུབ་ཀྱི་ཡོད། ཁོང་གིས་མིག་སྔའི་གནད་དོན་གཙོ་བོ་ནི་ཐོན་ལས་ཅན་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་དམའ་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་དམའ་བ། ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ། སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་དོ་སྙོམས་མེད་པ་བཅས་ཡོད་པ་དཔེར་ན་ཉིང་ཁྲི་ས་ཁུལ་གྱི་ལྟེ་བའི་རྫོང་དང་མཐའ་མཚམས་ཐག་རིང་རྫོང་གི་འཕེལ་རྒྱས་དོ་སྙོམས་མེད་པ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་དང་ས་གནས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནས་བལྟས་ཚེ། འཕེལ་རྒྱས་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད། དེ་དང་ཆབས་ཅིག་རྫོང་ཁག་གི་ཤང་དང་གྲོང་རྡལ་ཁག་དབར་འཕེལ་རྒྱས་ཀྱི་ཧེ་བག་ཅུང་ཆེ་ཙམ་ཡོད་པའི་ངོས་འཛིན་གནང་བ་རེད།
         འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཆ་མེད་པ་བཟོ་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཐག་གཅོད་བྱ་རྒྱུ་དེ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བའི་དམིགས་ཚད་གཙོ་བོ་དེ་ཡིན་ཞེས་ཁ་གསལ་བསྟན་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཡོན་ཏན་གྱིས་ལྷོ་ཁ་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་འཐུས་ཚང་ཡོད་པ་དང་། ཐོན་སྐྱེད་ཀྱི་རྒྱུ་ཆ་དང་སྡོད་གནས་བལྟོས་བཅས་གཅིག་སྡུད་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དང་རིག་གནས་སོགས་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་ཡོད་པ་བཅས་དེ་དག་ནི་གྲོང་ཁྱེར་དང་གྲོང་གསེབ་གཅིག་འདོམས་བྱེད་ཤུགས་ཆེ་རུ་གཏོང་བའི་ལེགས་ཆ་དང་ཆ་རྐྱེན་ཡིན་པ་དང་། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་གཅིག་འདོམས་དཔེ་སྟོན་ས་ཚིགས་ལག་བསྟར་དང་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གི་དཔེ་སྟོན་ས་ཚིགས་བསྐྲུན་རྒྱུར་འཚོལ་ཞིབ་བྱས་ནས་ལྷོ་ཁ་འདི་ཉིད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།