འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་979འབྱོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་2ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་ཚོགས་ཆུང་ནས་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཚེས་2ཉིན་གྱི་ཆུ་ཚོད་17བར་གྲོས་གཞི་979འབྱོར་བའི་ཁྲོད་ཐོ་འགོད་བྱས་པ་657ཟིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་གྲོས་གཞིའི་ནང་དོན་ནས་བལྟས་ཚེ་ཕྱོགས་གསུམ་གྱི་ཁྱད་ཆོས་ལྡན་ཡོད་པ་སྟེ། གཅིག་ནས་ལྟེ་བར་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་ཏེ། ཨུ་ཡོན་རྣམས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུན་རྣམ་གསར་པ་དང་འཚམ་མཐུན་ཡོང་བ་དང་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དང་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་བཀོད་ནས“ཁུལ་རེར་ལམ་རེ”དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཐབ་ཇུས་ཆེན་པོ་གསུམ་སོགས་ལག་ལེན་ཧུར་ཐག་བསྟར་རྒྱུར་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་པ་རེད།
         གཉིས་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་་མ་གཏོང་རྒྱུའི་ཐབས་དང་ཇུས་འདོན་པའི་སྐོར་ཏེ་དཔེར་ན། དཔྱ་ཁྲལ་དང་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྒོ་དབྱེའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་པ། སྲིད་འཛིན་ཞིབ་མཆན་འགོད་ལམ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། མི་དམངས་ཁྲིམས་ཁང་སྒྱུར་བཅོས་ལ་སྐུལ་མ་གཏོང་བ། སྤྱི་བདེའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་རྒྱུ་སོགས་སྐོར་གྱི་གྲོས་གཞི་ཡིན་པ་རེད།
         གསུམ་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་གནད་དོན་སྐོར་གྱི་སྲིད་ཞུགས་སྲིད་གླེང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ཏེ། སློབ་གསོ་དང་། ལས་ཞུགས། སྨན་བཅོས་འཕྲོད་བསྟེན། རྒན་གསོ་དང་ཁོར་ཡུག་བཅོས་སྒྲིག་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།