འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་གྲོང་ཁྱེར་བཙུགས་ནས་ལོ་450འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་
    ཐོག“ཀྲུང་གོའི་ཁྱད་རྟགས”མངོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལི་གཡོད་རེ་ནེ་ལུའུ་ཡི“གཅེན་གཅུང་གྲོང་ཁྱེར”ཡིན་པའི་ཆ་ནས་པེ་ཅིང་གིས་ཚེས་2ཉིན་ལི་གཡོད་དུ་པེ་ཅིང་གི་ཡུལ་སྐོར་པར་རིས་འགྲེམས་སྟོན་བྱས་ནས་ཨ་མེ་རི་ཁ་གླིང་ལྷོ་མའི་གྲོང་ཁྱེར་དེ་བཙུགས་ནས་ལོ4་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་རབ་དང་རིམ་པར་ལག་རྟགས་ཕུལ་བ་རེད།
         ཚེས་1ཉིན་ནི་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་ཡུལསྐོར་གནས་མཆོག་ལི་གཡོད་450འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང་། ན་་ནིང་གི་ཟླ་དྲུག་པར་པེ་ཅིང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ལི་གཡོད་ཀྱི་ཚོང་ར་ཆེ་གྲས་ཤིག་ཏུ“པེ་ཅིང་གི་ལག་རྟགས”ཞེས་པའི་ཀྲུང་གོའི་རིག་གནས་འགྲེམས་སྟོན་བྱས་ཤིང་། ད་ཆ་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་ལི་གཡོད་དུ་སླར་ཡང་པར་རིས་འགྲེམས་སྟོན་བྱས་ནས“མཛའ་གྲོགས་གྲོང་ཁྱེར”གྱི་དྲན་གསོའི་ཉིན་མོར་ལག་རྟགས་ཕུལ་བ་དང་ཆབས་ཅིག་ལི་གཡོད་མི་དམངས་ལ་ཕུན་སུམ་ཚོགས་པའི་པེ་ཅིང་གི་ཡུལ་སྐོར་རིག་གནས་འགྲེམས་སྟོན་བྱས་པ་རེད།
         ཐེངས་འདིའི་འགྲེམས་སྟོན་ཐོག་པེ་ཅིང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་རིག་གནས་མཚོན་པའི་ཕུལ་བྱུང་པར་རིས་ཁྱོན་བརྒྱ་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།
         ལི་གཡོད་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་ལི་ཡན་ཅུན་དང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་མཱ་ལིང་གཉིས་ཀྱིས་པར་རིས་འགྲེམས་སྟོན་གྱི་ཡོལ་བ་ཕྱེ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།