འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཆི་ཤུས་ཁྲུན་གྱིས་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་ནས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་གྱི་ཚན་པ་ཁག་དང་ཆེད་དམིགས་ཨུ་ཡོན་ཁག་གིས་གྲོས་གཞི་6101བཏོན་པ་དང་བརྟག་དཔྱད་བྱས་པ་བརྒྱུད་གྲོས་གཞི་5052ཐོ་འགོད་བྱས་ཡོད། 2015ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་5046བསྒྲུབས་པ་དང་སྒྲུབ་ཚད་99.8%ཟིན་ཡོད། གྲོས་གཞི་སྒྲུབ་གཉེར་གྱི་སྤྱི་ཡོངས་ཀྱི་གནས་ཚུལ་ནས་བལྟས་ཚེ། བསྒྲུབས་པའམ་ཡང་ན་བསྡུ་ལེན་བྱས་པས་20.6%དང་། འཆར་གཞིའི་ནང་བཅུག་སྟེ་བསྒྲུབ་རྩིས་ཡོད་པའམ་ཡང་ན་བསྡུ་ལེན་བྱས་ལས་ཀའི་དཔྱད་གཞིར་འཛིན་པ་ཡིས་15.6%བཅས་བཟུང་ཡོད་པ་རེད།
         ཚེས་3ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཤུས་ཁྲུན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་ཀའི་གནས་ཚུལ་སྙན་སྒྲོན་གནང་ཞིང་།ཁོང་གིས་སྤྱི་ཡོངས་ནས་བལྟས་ཚེ་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། གཙོ་གནད་མངོན་གསལ་དོད་པ། གནད་དོན་གྱི་ཁྲིད་ཕྱོགས་ཁ་གསལ་བ། དམིགས་སའི་རང་བཞིན་ཆེ་བ་བཅས་ཡོད་པ་དེས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་གིས་ཚད་མཐོའི་འགན་འཁྲིའི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལྡན་པ་མངོན་གྱི་ཡོད། གྲོས་གཞི་བསྒྲུབས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་ཀ་དོན་འཁྱོལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས་པ་རེད།
         ཆི་ཤུས་ཁྲུན་གྱིས་ཐོ་འགོད་བྱས་པའི་གྲོས་གཞི་5052ནང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བར་དམིགས་ཏེ་གྲོས་གཞི་1108དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་དམིགས་ཏེ་གྲོས་གཞི་808 དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ཏེ་གྲོས་གཞི་1451དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་དམིགས་ཏེ་གྲོས་གཞི་1012བཅས་བཏོན་པ་དང་ཨུ་ཡོན་ཚོས་ད་དུང་མི་རིགས་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར། གཞི་རྩའི་བཅའ་ཁྲིམས་མཐའ་འཁྱོངས་དང་ཀང་ཨའོ་ས་ཁུལ་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་རྒྱུ་སྲུང་སྐྱོང་། ཐའེ་དབན་དམངས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད། ཕྱིར་སྡོད་རང་མིའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ཐད་གྲོས་གཞི་673བཏོན་པ་དེས་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་སྒྲུབ་སྟངས་ལེགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འདོན་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས་པ་རེད།
         ཆི་ཤུས་ཁྲུན་གྱིས་གྲོས་གཞི་ནི་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས་གྲོས་གཞིའི་ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་ད་དུང་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་ཕྱོགས་མང་པོ་ཡོད་པ་དཔེར་ན། གྲོས་གཞིའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གྲོས་གཞི་སྒྲུབ་གཉེར་དང་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། གྲོས་གཞིའི་ལས་ཀའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། གྲོས་གཞི་ཡོངས་བསྒྲགས་ལ་སྔར་བས་སྐུལ་མ་གཏོང་དགོས་པ་ལྟ་བུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།