འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་22ཀྱིས་འདི་ལོར་གཞུང་ཁོངས་ཁེ་ལས་ཀྱི་འགན་ཁུར་བའི་གླ་ཕོགས་ལ་
    འགྱུར་ལྡོག་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིུས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བའི་གླ་ཕོགས་སྒྱུར་བཅོས་དེ་འདི་ལོའི་ལོ་འགོར་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་དང་ས་གནས་གཞུང་ཁོངས་ཁེ་ལས་ཀྱི་འགན་ཁུར་བའི་གླ་ཕོགས་དེ་དང་ཆབས་ཅིག་འགྱུར་ལྡོག་འགྲོ་སྲིད་དམ། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱིས་འདི་ལོར་ཁོངས་གཏོགས་ཀྱི་ས་གནས་གཞུང་ཁོངས་ཁེ་ལས་ཀྱི་འགན་ཁུར་བའི་གླ་ཕོགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བསྟན་ཡོད།
         ཤིན་ཧྭ་གསར་འགྱུར་ཁང་གི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཏོང་སྤེལ་ཚོགས་ཆུང་གི་གསར་འགོད་པས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་བསྡོམས་རྩིས་བརྒྱབ་པའི་ཐོག་མངོན་པར་གཞིགས་ན། རྒྱལ་ཡོངས་སུ་པེ་ཅིན་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས་22ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོགས་ལམ་ལུགས་ལ་སྒྱུར་བཅོས་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བསྟན་པ་དེའི་ནང་ཧྲང་ཧའེ་དང་ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་4ཡིས་གླ་ཕོགས་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུ་ཡིན་ལུགས་བསྟན་པ་དང་ཆབས་ཅིག“ལས་རིགས་ཀྱི་ཅིང་ལི་གདམ་གསེས་གདན་ཞུ་ཚོད་ལྟ་བྱེད་རྒྱུ”ཚུད་པའི་མི་སྤྱོད་ལམ་ལུགས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁ་གསལ་བསྟན་པ་དང་། ཧོ་ནན་དང་། ཀོང་ཏུང་། ན་ཤིས་སོགས་ཞིང་ཆེན་3གྱིས་འགན་སྒྲུབ་ཐོབ་ཐང་དང་། གོ་གནས་ཀྱི་འཛད་གྲོན། ལས་སྒོའི་གཏོང་ཆ་སོགས་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་ཀྲུང་དབྱང་གི་དོ་དམ་ཁེ་ལས་ཀྱི་འགན་འཁུར་བ་དང་ཀྲུང་དབྱང་གི་ཁེ་ལས་གཞན་དག་གི་འགན་འཁུར་བའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་བྱེད་པའི་ལས་དོན་དེ་ལག་བསྟར་གྱི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་ཀྲུང་དབྱང་སྡེ་ཚན་གྱི་ཁོངས་གཏོགས་ཁེ་ལས་དང་དེ་བཞིན་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་སྒྱུར་བཅོས་བྱེད་པའི་ལས་དོན་དེ་ཡང་འདི་ལོར་ལག་བསྟར་བྱ་རྒྱུ་ཡིན་པས་ས་ཁུལ་ཁག་གི་ཞིབ་ཕྲའི་སྒྱུར་བཅོས་བྱ་ཐབས་ངེས་པར་དུ་དུས་ཚིགས་དང་པོའི་དུས་མཇུག་གོང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་རྗེས་ལག་བསྟར་བྱེད་དགོས་ཞེས་བཤད་པ་རེད།
         ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་འགན་ཁུར་བའི་གླ་ཕོགས་ལམ་ལུགས་ལ་སྒྱུར་བཅོས་བྱེད་ལུགས་ཁ་གསལ་སྟོན་ཚུལ་གཅིག་པ་ཡིན་པ་གསར་འགོད་པར་སྣང་བ་བྱུང་། དཔེར་ན། པེ་ཅིང་གིས“གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་ཕུགས་ཕན་ཡར་སྐུལ་དང་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ”ཡིན་པ་དང་། ཧྲང་ཧའེ་ཡིས“ཁེ་ལས་ཀྱི་འགོ་ཁྲིད་པའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ལ་གཅིག་འདོམས་དང་སྐུལ་འདེད་གཏོང་རྒྱུ”ཡིན་པ། ཧོ་ནན་དང་སི་ཁྲོན་སོགས་ཞིང་ཆེན་གྱིས“གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མི་སྣའི་གླ་ཕོགས་ཆུ་ཚད་གཏན་འབེབས་ལུགས་མཐུན་བྱ་རྒྱུ”ཡིན་པ། ཧོ་པེས“གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མི་སྣའི་གླ་ཕོགས་ཐོབ་ཆའི་ལམ་ལུགས་ཚད་ལྡན་དུ་གཏོང་རྒྱུ”ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།