འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་རྒྱལ་ཡོངས་
    ཀྱི་བུད་མེད་སྔོན་ཐོན་དཔེ་བཟང་བར་གཟེངས་བསྟོད་
    བྱེད་པའི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་རྒྱལ་ཡོངས་ཀྱི་བུད་མེད་སྔོན་ཐོན་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་1ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་མིར་མཇལ་འཕྲད་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཧའེ་ཧྥེང་ཚོགས་འདུར་ཞུགས་པ་རེད།
         ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་10དང་། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་300རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ་200 རྒྱལ་ཡོངས་ཀྱི་བུད་མེད་ཤེས་དཔལ་ལས་གནས་2000 རྒྱལ་ཡོངས་ཀྱི་བུད་མེད་བྱས་རྗེས་འཇོག་པའི་དཔེ་དམག་1000རྒྱལ་ཡོངས་ཀྱི་བུད་མེད་བྱས་རྗེས་འཇོག་པའི་སྔོན་ཐོན་མཉམ་སྡེབ་500བཅས་ལ་གཟེངས་བསྟོད་གནང་བ་རེད།
         ལི་ཡོན་ཁྲའོ་ཡིས་རྒྱ་ཆེའི་བུད་མེད་དང་བུད་མེད་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་རྒྱལ་ཡོངས་ཀྱི་བུད་མེད་ཚོས་གསུམ་བརྒྱད་དར་དམར་བའི་བླ་ན་མེད་པའི་ཀུན་སྤྱོད་དང་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱ་རྒྱུའི་བླང་བྱ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།