འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་
    པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་
    ཞུ་བའི་གྲོས་ཆོད་ལ་གཅིག་གྱུར་ཐོག་གྲོས་འཆམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་26ཉིན་སྐོང་ཚོགས་བྱས་པའི་སྐབས་69པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་གྲོས་ཆོད་ལ་གཅིག་གྱུར་ཐོག་གྲོས་འཆམ་བྱས་པ་རེད། གྲོས་ཆོད་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ད་ལོའི་ཟླ་བ་ལྔ་པར་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་ཚོགས་འདུ་འཚོགས་རྒྱུའི་གཏན་འཁེལ་བྱས་པ་དང་།ཚོགས་མིའི་རྒྱལ་ཁབ་ཁག་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རང་སོ་སོའི་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་ཁས་ལེན་བྱས་ནས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་མིའི་རིགས་དང་ལྷག་དོན་དུ་ཨེ་ཤེ་ཡ་དང་ཡོ་རོབ་སོགས་ས་ཁུལ་གྱི་དམངས་ཚོགས་ལ་སྡུག་བསྔལ་ཚབས་ཆེན་བཟོས་པའི་ངོས་འཛིན་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རང་རྒྱལ་གྱི་འཐུས་མི་གཞུང་ཚབ་ཆེ་མོ་བ་ལིའུ་ཅེ་དབྱི་ཡིས་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་སྨྱན་སྦྱོར་ལས་ཁུངས་ལ་ད་ལོ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་གོང་གི་གྲོས་ཆོད་ལ་གྲོས་འཆམ་བྱས་པར་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བ་གཉིས་པའི་རེས་འཁོར་ཀྲུའུ་ཞི་ཡིན་པའི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཉིའུ་གཡོད་དུ་བསྐྱོད་དེ་ཞི་བདེ་དང་བདེ་འཇགས་གནད་དོན་གྱི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཚོགས་མིའི་རྒྱལ་ཁབ་ཀྱིས་ལོ་རྒྱུས་དཔྱད་གཞིར་འཛིན་ནས་<<ཁྲིམས་སྲོལ་>>གྱི་དམིགས་ཡུལ་དང་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་ཁས་ལེན་བྱ་རྒྱུ་བསྐྱར་སྒྲོག་བྱས་པ་དང་། མ་འོངས་གསར་གཏོད་ཀྱིས་དུས་བབ་གསར་པའི་འོག་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་འགོ་ཞིག་འཛུགས་རྒྱུའི་རེ་འབོད་བྱས་པ་རེད། གོང་དུ་བརྗོད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུ་དེ་ཟླ་བ་ལྔ་པར་འཚོག་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་ཚོགས་འདུ་དང་ཟླ་བ་དགུ་པར་འཚོག་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བའི་ཚོགས་འདུ་རབ་དང་རིམ་པ་དང་གཅིག་རྒྱུན་གཅིག་འཛིན་བྱས་ནས་2015ལོའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་གཙོ་རྐང་ཞིག་ཆགས་ཡོད་པ་རེད།
         ལིའུ་ཅེ་དབྱི་ཡིས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་ཆེའི་ཚོགས་མིའི་རྒྱལ་ཁབ་ཀྱིས་ལོ་རྒྱུས་ལ་ཐུན་མོང་ཐོག་ཕྱིར་མིག་ལྟ་བ་དང་ཕྱོགས་སྡོམ་བྱེད་པ་དང་།མ་འོངས་རྒྱང་ལྟ་དང་གསར་གཏོད་བྱས་ཏེ་ལོ་རྒྱུས་བརྟན་པོ་ངེས་པ་དང་དུས་ནམ་ཡང་དམག་མི་རྒྱག་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་དེ་སྲ་བརྟན་དུ་བཏང་ནས་<<མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྲོལ་>>ནང་བཏོན་པའི་ཕྱར་བ་གྲུ་འདེགས་ཀྱིས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་གཏོད་པའི་འཆར་འགོད་དངོས་གནས་མངོན་འགྱུར་ཐུབ་པ་བྱེད་པ་དང་མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཏོད་དེ་རང་རེའི་འཛམ་གླིང་དེ་སྔར་བས་ཞི་བདེ་དང་།སྔར་བས་ཞི་མཐུན།སྔར་བས་མཛེས་སྡུག་ལྡན་པ་བཅས་སུ་འགྱུར་བའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།