འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རོལ་རྩེད་ཀྱི་འཛེར་སྒྲས་རྣ་ཤེད་ལ་གནོད་པའི་
    གནད་དོན་ལ་མཐོང་ཆེན་བྱེད་དགོས་པའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་ཤས་གོང་དེ་གར་ཡོངས་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུའི་ནང་གོ་ལ་ཧྲིལ་པོའི་གཞོན་ནུ་ལོ་ཆུང་དུང་ཕྱུར་11ལྷག་ཙམ་ལ་སྒེར་གྱི་ལྟ་ཉན་སྒྲིག་ཆས་དང་རོལ་རྩེད་ཁང་གི་འཛེར་སྒྲ་ཚད་གཞི་ལས་བརྒལ་བའི་ཉེན་ཁ་འཕྲད་བཞིན་ཡོད། དེའི་དབང་གིས་རྣ་ཤེད་ལ་གནོད་ནས་ཁོང་ཚོའི་ལུས་སེམས་བདེ་ཐང་དང་སློབ་གསོ་དང་ལས་ཞུགས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་ཅེས་འཁོད་ཡོད་པ་རེད།
         ཞིབ་འཇུག་དེ་ཐོག་ནས་ལོ་12ནས་ལོ་35བར་གྱི་མི་ཚོགས་ཁྲོད་ཀྱི་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་སྒེར་གྱི་ལྟ་ཉན་སྒྲིག་ཆས་སྤྱོད་སྐབས་སྒྲ་ཚད་ལས་བརྒལ་བ་དང་བརྒྱ་ཆ་བཞི་བཅུ་ཙམ་གྱིས་རོལ་རྩེད་ཁང་གི་འཛེར་སྒྲ་ཚད་ལས་བརྒལ་བའི་འོག་སྡོད་ཚད་རིང་དྲགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་དུ་ཧྥུན་པེ་100ཡི་འཛེར་སྒྲའི་འོག་སྐར་མ་15བསྡད་ཚེ་རྣ་ཤེད་ལ་གནས་སྐབས་སམ་ཡང་ན་ཡུན་རིང་གནོད་སྲིད་པ་དང་སྤྱིར་བཏང་གི་གླུ་གར་འདུ་ཚོགས་དང་། ཨར་ཁང་། མཚན་མོའི་སྤྲོ་སྐྱིད་ཁང་། ལུས་རྩལ་འགྲན་ར་བཅས་ཀྱི་འཛེར་སྒྲ་ཚང་མ་ཧྥུན་པེ་100ཟིན་པའམ་ཡང་ན་ཧྥུན་པེ་100ལས་བརྒལ་གྱི་ཡོད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། མིག་སྔར་གོ་ལ་ཧྲིལ་པོའི་མི་དུང་ཕྱུར་3.6ལྷག་ཙམ་གྱི་རྣ་བ་རྒྱུ་རྐྱེན་སྣ་ཚོགས་དབང་གིས་དབང་པོ་སྐྱོན་ཅན་འབྲིང་ཙམ་མམ་ཡང་ན་ཚབས་ཆེན་ལ་གྱུར་ཞིང་། དེའི་ཁྲོད་ཀྱི་མི་གྲངས་ཕྱེད་ཀ་ཙམ་དབང་པོ་སྐྱོན་ཅན་དུ་འགྱུར་རྒྱུ་ལས་གཡོལ་ཆོག་གི་ཡོད་པ་རེད།
         ཟླ་3ཚེས་3ཉིན་ནི་རྒྱལ་སྤྱིའི་རྣ་གཅེས་ཉིན་མོ་ཡིན་ཞིང་། འདི་ལོའི་རྒྱལ་སྤྱིའི་རྣ་གཅེས་ཉིན་མོར་དྲན་གསོ་ཞུ་ཆེད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང“རྣ་ཅོག་ལ་གཅེས་སྤྲད་བྱེད་པའི”གྲོས་འགོ་བཏོན་ནས་གཞོན་ནུ་ལོ་ཆུང་དང་ཁོང་ཚོའི་ཁྱིམ་བདག་དང་དེ་བཞིན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྒྲིག་གཞིས་རོལ་རྩེད་ཀྱི་འཛེར་སྒྲས་རྣ་ཤེད་ལ་གནོད་པའི་གནད་དོན་ལ་མཐོང་ཆེན་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།