འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞི་རིམ་དུ་འཚམས་འདྲི་གནང་བར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་15ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞི་རིམ་དུ་འཚམས་འདྲི་གནང་བར་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའམ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་འགོ་གཙོ་ཀྲང་ཞའོ་ཧྭ་ལ་སོགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོ་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་དུ་བསྐྱོད་དེ་གྲོང་ཚོ་དང་ཁྱིམ་ཚང་དུ་འགྲིམ་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྐབས་བསྒྲིགས་པའི་གཉེན་ཉེ་དང་གྲོགས་པོ་ཚོར་འཚམས་གཟིགས་གནང་བ་དང་། རྫོང་འདིའི་སྦྲ་ནག་གྲོང་ཚོ་དང་རྩྭ་པ་གྲོང་ཚོ་སོགས་སུ་བཅའ་སྡོད་དང་དགོན་པར་བཅའ་སྡོད་བྱེད་པའི་ལས་བྱེད་པ་རྣམས་ལ་འཚམས་གཟིགས་གནང་བ་མ་ཟད། ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིའི་ལག་རྟགས་དང་འཚམས་གཟིགས་དངུལ་ཡང་སྤྲད་པ་རེད།
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞི་རིམ་དུ་འཚམས་འདྲི་གནང་བར་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།