འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་མཚོ་སྔོན་གྱིས་མ་རྩ་དངུལ་སྒོར་དུང་ཕྱུར་10བཏང་ནས"ཀྲུང་ཧྭའི་ཆུ་གསོག་
    མཐོ་ལྕོག"སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། འདི་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལོ་འཁོར་ནང་མ་རྩ་སྒོར་དུང་ཕྱུར་10ལྷག་ཙམ་བཏང་སྟེ་མི་ཐབས་ལ་བརྟེན་པའི་ནགས་བཟོ་དང་། ས་ནག་ཐང་བཅོས་སྐྱོང་། སྣོད་བཅུད་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         2014ལོར་མཚོ་སྔོན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ཤིང་། ལོ་དེར་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་4བཏང་ནས་གཙང་གསུམ་ཆུ་འགོའི་ཁུལ་དུ་རྩྭ་ཐང་ལ་གནོད་པའི་སྐྱེ་དངོས་སྔོན་འགོག་ཚོད་འཛིན་དང་། རི་རྒྱ་བསྡམས་ནས་ནགས་གསོ། ས་ཆུ་སྲུང་བ་སོགས་སྣོད་བཅུད་དམངས་འཚོའི་འདུ་འགོད་ཁག་གཅིག་ལག་བསྟར་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་དོ་དམ་བྱ་ཐབས་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག་འདི་ལོ་གཙང་གསུམ་ཆུ་འགོའི་ཁུལ་དུ་མི་ཐབས་ལ་བརྟེན་ནས་ནགས་བཟོ་དང་། རི་རྒྱ་བསྡམས་ནས་ནགས་གསོ། བྱེ་བཀག་རྩྭ་གསོ། འདམ་ར་བཀག་ནས་རྩྭ་གསོ། ནགས་ཚལ་གྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས། ས་ནག་ཐང་བཅོས་སྐྱོང་། སྣོད་བཅུད་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་འཛུགས་སྐྲུན་རྣམ་གྲངས་10ལྷག་ཙམ་གཙོ་གནད་ཐོག་ལག་བསྟར་བྱ་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས། རྒྱལ་ཁབ་ཕྱི་ནང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་དང་། ཚན་རིག་ཞིབ་འཇུག་སྒྲིག་གཞི། མཐོ་རིམ་སློབ་གླིང་དང་སློབ་གྲྭ་བཅས་དབར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙང་གསུམ་ཆུ་འགོའི་ཁུལ་གྱི་གནམ་གཤིས་དང་སྣོད་བཅུད་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་རྨང་གཞིའི་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།