འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྲིན་ཆུང་ཐོག་ནས་ལོ་གསར་ལ་འཚམས་འདྲི་ཞུ་རྒྱུ་དེ་ས་མཐོའི་བོད་རིགས་
    འབྲོག་པའི་ཁྲོད་དར་གསོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “འབྲི་ཆུའི་ཆུ་འགོ་གྲོང་ཚོའི་གྲོང་མི་ཡོངས་དཔྱིད་གསར་སྤྲོ་པོ་དང་། སྐུ་གཟུགས་བདེ་ཐང་། འཚོ་བ་དྲོ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག་ལྷན་རྒྱས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ”ཞེས་ཚེས་18ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་གྲོང་འདབས་སུ་ཡོད་པའི་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཧྲུའུ་ཅི་ཚེ་རིང་དགྲ་འདུལ་གྱིས་འཕྲིན་ཆུང་གི་གྲོགས་ཚོགས་བརྒྱུད་དེ་གྲོང་མིར་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད།
         འཕྲིན་ཆུང་ཁྱབ་གདལ་ཕྱིན་པ་དང་ཆབས་ཅིག་གྲོང་ཁྱེར་དུ་གནས་སྤོ་བྱས་པའི་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་བོད་རིགས་གྲོང་མི་མང་ཆེ་བའི་ངོས་ནས་བརྗོད་ན། འདི་ལོ་འཕྲིན་ཆུང་ཐོག་ནས་ལོ་གསར་ལ་འཚམས་འདྲི་ཞུ་ཐེངས་དང་པོ་ཡིན་པ་རེད།
         ལོ་43ལ་སླེབས་པའི་ཚེ་རིང་དགྲ་འདུལ་གྱི་ཕ་ཡུལ་དེ་ས་བབ་མཐོ་ཚད་སྨི་4700ཡོད་པའི་འབྲི་ཆུའི་ཆུ་འགོའི་གདང་ལ་གྲོང་རྡལ་དུ་ཡོད་ཅིང་། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པའི་གདང་ལ་གྲོང་རྡལ་དུ་མཐོ་གྲང་གསོ་རླུང་མི་འདང་བ་དང་གནམ་གཤིས་ཡག་པོ་མེད་པས་གྲོང་རྡལ་ཡོངས་ཀྱི་འབྲོག་པས་ཕྱུགས་རིགས་འཚོ་རྟེན་དུ་བྱེད་ཀྱི་ཡོད། ས་གནས་དེ་གའི་འབྲོག་པའི་འཚོ་བ་ལེགས་སུ་གཏོང་བ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ཀྲུང་གོ་སྲིད་གཞུང་གིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་སྤེལ་བ་དེའི་ནང་གདང་ལའི་སྣོད་བཅུད་གནས་སྤོའི་ལས་གྲྭ་ཚུད་ཡོད་པ་རེད།
         2004ལོའི་ལོ་མཇུག་ཏུ་ཚེ་རིང་དགྲ་འདུལ་དང་བཅས་པའི་འབྲོག་དུད་127མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་གྲོང་འདབས་སུ་གཅིག་སྡུད་གནས་སྤོ་བྱས་པ་རེད། ན་ནིང་གི་ཟླ་4པར་ཁོང་གིས་ལག་ཁྱེར་ཁ་པར་ཐོག་འཕྲིན་ཆུང་ཕབ་ལེན་བྱས་ཏེ་འཕྲིན་ཆུང་གི་ཚོགས་གཉིས་བཟོས་ནས་གྲོང་མི་ཚོས་འཕྲིན་ཆུང་སྤྱོད་རྒྱུའི་འབོད་སྐུལ་བྱས་པ་རེད། ད་ཆ་ཁོང་གི་འཕྲིན་ཆུང་ཚོགས་པའི་ནང་མི་གྲངས་100ལྷག་ཙམ་ཡོད་པ་དེ་དག་གྲོང་ཚོ་དེ་གའི་གྲོང་མི་རེད།
      

    ཕྱོགས་བསྡུས་གསར་འགྱུར།