འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་འདམ་ར་ཁག་ཅིག་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་
    ཚོད་ལྟའི་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་28ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཕྱིར་མཚོ་སྔོན་བོད་རིགས་ས་ཁུལ་གྱི་གཙོ་གནད་འདམ་ར་ཁག་ཅིག་ཉེ་ཆར་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་ནང་དངོས་སུ་བཅུག་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་ནང་བཅུག་པའི་འདམ་ར་གཙོ་བོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྟོང་གི་མཚོ་ནག་འདམ་ར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཨ་ལ་ཁེ་འདམ་ར། ཨོ་ལན་རྫོང་ཏུའུ་ལན་འདམ་ར། ཐེམ་ཆེན་རྫོང་བུ་ཧུ་ཆུ་འདམ་ར། གཏེར་ལེན་ཁ་གྲོང་ཁྱེར་རྒྱབ་ཐོག་འདམ་ར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་འབའ་ཆུ་འདམ་ར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་བར་དམ་ཆུ་འགོའི་འདམ་ར་བཅས་ཕུད། ད་དུང་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཆུ་བཟང་འགག་འདམ་ར་ཚུད་ཡོད།
         རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་སྐྲུན་པ་དེས་ས་མཐོའི་འདམ་རའི་སྣོད་བཅུད་ཕན་ནུས་དང་གདོད་མའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་དང་བདེ་སྐྱིད་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་ནང་བཅུག་པའི་གཙོ་གནད་འདམ་ར་11ཡོད་པ་དེ་དག་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་21.1ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།