འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དམར་གསོད་ཆེ་མོའི་དྲན་གསོ་ཉིན་མོ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་28ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་27ཉིན་ནི་རྒྱལ་སྤྱིའི་དམར་གསོད་ཆེ་མོའི་དྲན་གསོ་ཉིན་མོ་ཡིན་ཏེ། 1945ལོའི་ཟླ་1ཚེས་27ཉིན་སུའུ་ལེན་དམར་དམག་གིས་ཕོ་ལན་རྒྱལ་ཁབ་ཏུ་ཡོད་པའི་ན་ཙིའི་ཨོ་སི་ཝེ་ཤིན་གཅིག་སྡུད་བཙོན་ར་བཅིངས་འགྲོལ་བཏང་བ་རེད། ཨོ་སི་ཝེ་ཤིན་གཅིག་སྡུད་བཙོན་རའི་ཡ་ང་བའི་བསླབ་བྱ་ཡིད་ལ་བརྟན་པོ་ངེས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་མུན་ནག་གི་ལེའུ་དེ་ཟིན་ཐོར་འགོད་ཆེད་འཇར་མན་དང་། དབྱིན་ཇི། དབྱི་ཐ་ལི་བཅས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་སྤྱི་ཟླ་1ཚེས་27ཉིན་དེ་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བར་དྲན་གསོ་བྱེད་པའི་ཉིན་མོ་ལ་གཏན་འཁེལ་བྱས་པ་དང་། སྤྱི་ལོ་2005ལོའི་ཟླ་11ཚེས་1ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དྲུག་ཅུ་པའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་ནས་ལོ་རེའི་སྤྱི་ཟླ་1ཚེས་27ཉིན་རྒྱལ་སྤྱིའི་དམར་གསོད་ཆེ་མོའི་དྲན་གསོ་ཉིན་མོར་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།