འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་མཁའ་འགྲུལ་ཀུང་སིའི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་16ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་སིང་ཀ་ཕོར་གྱི་རྒྱལ་སྲུང་པུའུ་ཀྲང་ཧོང་ཡུང་ཧུང་གིས་ཨེ་ཤེ་ཡ་མཁའ་འགྲུལ་ཀུང་སིའི་ཆག་སྒོ་བྱུང་བའི་དུས་གཏན་གནམ་གྲུ་འཚོལ་སྐྱོབ་བྱ་སྤྱོད་ནང་ཞུགས་པའི་སིང་ཀ་ཕོར་གྱི་དམག་གྲུ་ཞིག་གིས་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་མཐོང་བ་རེད་ཅེས་བརྗོད་པ་རེད།
         ཚེས་14ཉིན་ཧོང་ཡུང་ཧུང་གིས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག“སིང་ཀ་ཕོར་དྲག་ཆས་དཔུང་སྡེའི་དམག་གྲུ་ཞིག་གིས་ཀྲོ་ཝ་རྒྱ་མཚོར་ཨེ་ཤེ་ཡ་མཁའ་འགྲུལ་ཀུང་སིའི་ཆག་སྒོ་བྱུང་བ་གནམ་གྲུའི་ཆག་རོ་ལྷུངས་ཡུལ་གཏན་འཁེལ་བྱས་པ་ཤེས་རྟོགས་བྱུང་། རྒྱང་ཚོར་སྒྲིག་ཆས་ཀྱིས་པར་ལེན་བྱས་པའི་པར་རིས་ཐོག་ནས་གནམ་གྲུའི་གཤོག་པ་ཁག་གཅིག་དང་གནམ་གྲུའི་ཆག་རོའི་ཐོག་གི་ཡི་གེ་མཐོང་ཐུབ”ཅེས་བཤད་པ་རེད།
         ཧོང་ཡུང་ཧུང་གིས་སིང་ཀ་ཕོར་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་འཚོལ་སྐྱོབ་རྩ་འཛུགས་ལ་བརྡ་ཐོ་བཏང་བ་དང་རྒྱ་མཚོ་ནས་འདོན་པའི་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད་ཅེས་བཤད་པ་རེད།
         ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་འཚོལ་སྐྱོབ་ལྟེ་གནས་ཀྱི་མགྲིན་ཚབ་པ་ཏི་ཨན་ཐས་ཚེས་14ཉིན་གནས་ཚུལ་དེ་ར་སྤྲོད་བྱས་ཤིང་། ཁོང་གིས་གནམ་གྲུའི་ཆག་རོ་དེ་གནམ་གྲུའི་གཞུག་གུའི་ཆག་རོ་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པ་དང་འཕུར་སྐྱོད་ཀྱི་གཞི་གྲངས་མཐོ་འགོད་ཡོ་ཆས་ཐོག་ནས་མཐོང་བ་དང་བར་ཐག་སྤྱི་ལེ་0.8ཡོད། རྐྱེན་ལམ་དུ་ཤོར་བའི་ཕུང་པོ་མང་པོ་ཞིག་སྔར་བཞིན་དེའི་ནང་ཡོད་ཤས་ཆེ་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།