འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་2015ལོའི་མཉམ་འབྲེལ་དམག་སྦྱོང་ཐོག་མ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་15ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཡིས་དུས་ཡུན་ཉིན་གཉིས་རིང་གི་ལྷོ་ཁོ་རེ་ཡ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་2015ལོའི་མཉམ་འབྲེལ་དམག་སྦྱོང་ཐོག་མ་དེ་སྤྱི་ཟླ་1ཚེས་13ཉིན་ནས་ཚེས་14ཉིན་གཉིས་ལ་ལྷོ་ཁོ་རེ་ཡའི་མཐའ་འཁོར་གྱི་མཚོ་ཁོངས་སུ་བྱ་རྒྱུ་ཡིན་ཞེས་བསྒྲགས་པ་རེད། འདི་ནི་འདི་ལོའི་སྤྱི་ཟླ་1ཚེས་9ཉིན་བྱང་ཁོ་རེ་ཡས་ལྷོ་ཁོ་རེ་ཡ་དང་ཨ་རི་གཉིས་ཀྱིས་མཉམ་དུ་དམག་སྦྱོང་བྱེད་མཚམས་བཞག་པ་ཡིན་ན་ཉིང་རྡུལ་ཚོད་ལྟ་བྱེད་མཚམས་གནས་སྐབས་འཇོག་རྒྱུ་ཡིན་ཞེས་བཏོན་རྗེས། ལྷོ་ཁོ་རེ་ཡ་དང་ཨ་རི་གཉིས་ཀྱིས་2015ལོའི་མཉམ་འབྲེལ་དམག་སྦྱོང་ཐོག་མ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།