འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་རི་པིན་གྱི་དམག་གྲོན་མང་དུ་བཏང་བར་ལན་སློག་ནས་རི་པིན་ཕྱོགས་ཀྱིས་
    ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་16ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་14ཉིན་རི་པིན་གྱིས་ཆོག་མཆན་སྤྲད་པའི་ཨ་སྒོར་དུང་ཕྱུར་421ཟིན་པའི་2015ལོའི་རྒྱལ་སྲུང་སྔོན་རྩིས་ལ་དམིཊ་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་རི་པིན་ཕྱོཊ་ཀྱིས་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ས་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།
         ཧུང་ལེས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རི་པིན་གྱི་དམག་དོན་བདེ་འཇགས་ཁྱབ་ཁོངས་ཀྱི་སྲིད་ཇུས་ལ་སྔར་ནས་བཟུང་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པ་དང་དེ་ནི་རི་པིན་དེ་ཉིད་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་མིན་གྱི་རླུང་ཕྱོགས་སྟོན་རྟགས་ཤིག་ཡིན་ཞེས་གསུངས་པ་རེད།
         ཧུང་ལེས་ང་ཚོས“རི་པིན་ཕྱོགས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
         ཚེས་14ཉིན་རི་པིན་སྲིད་གཞུང་གིས་2015ལོའི་ནོར་སྲིད་ལོ་འཁོར་གྱི་སྔོན་རྩིས་གྲོས་གཞིར་གྲོས་འཆམ་བྱས་པ་དེའི་ནང་འགོག་སྲུང་སྔོན་རྩིས་ལོ་གསུམ་བསྟུད་མར་འཕར་ནས་སྔོན་རྩིས་མ་དངུལ་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
         2015ལོའི་ཟླ་བཞི་པ་ནས་2016ལོའི་ཟླ་གསུམ་པའི་སྔོན་རྩིས་གྲོས་གཞི་ལྟར་ན། ལོ་དེའི་ནོར་སྲིད་ལོ་འཁོར་ནང་རི་པིན་གྱི་འགོག་སྲུང་འགྲོ་གྲོན་སྔོན་རྩིས་བྱས་ན་རི་པིན་གྱི་སྒོར་མོ་དུང་ཕྱུར་ཁྲི་4.98(ཨ་སྒོར་དུང་ཕྱུར་421དང་མཚུངས་པ)ཟིན་པ་དེ་ལོ་གོང་མའི་ལོ་འཁོར་ལས་2%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།